85580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་རྩིས་ལུགས་གསུམ་ (1)
Part of speech མིང་ཚིག
Definition ༡ དང་པོ་ཉིན་ཞག་མའི་ལོ་རྩིས་ཞེས་པ་ནི། གཙོ་བོ་ཉི་མའི་འགྲོས་ལ་བརྟེན་ནས་བྱུང་བ་ཡིན། ཉི་མ་སྣང་འགྲོས་ཀྱིས་དཔྱིད་ཚུགས་པའི་ས་ནས་བརྩམས་ཏེ། བསྐོར་བ་འཁོར་ནས་སླར་ཡང་དཔྱིད་ཚུགས་པའི་ས་ལ་སླེབས་པའི་ཉི་ལྡོག་གི་ལོ་གཅིག་དེ་བརྩི་གཞིར་བྱས་ནས། ལོ་ཟླ་ཚེས་གསུམ་བརྩི་བའི་ལོ་རྩིས་ཤིག་ཡིན་པ་དང་། ཟླ་བའི་འཕེལ་འགྲིབ་སོགས་དང་འབྲེལ་བ་ཅུང་ཟད་ཙམ་ཡང་མེད། དེས་ན་ཉི་ཟློག་གི་ལོ་གཅིག་གི་ཚད་ནི་ཉིན་ཞག་ ༣༦༥༢༤༢༢ ཡིན་པས་ལོ་གཅིག་གི་ཉིན་ཞག་གྲངས་ནི་མཐའ་གཅིག་ཏུ་ཉིན་ཞག་ ༣༦༥ དང་ ༣༦༦ གང་རུང་བྱས་ན་འོས་འཚམས་མིན། དེར་བརྟེན་རྒྱུན་ལྡན་གྱི་ལོ་ལ་ཉིན་ཞག་ ༣༦༥ རེ་བྱས་ནས་བརྩི་བ་དང་དུས་ངེས་ཅན་ཞིག་གི་ནང་དུ་ཉིན་བཤོལ་རེ་བཏོན་ནས་ཉིན་ཞག་ ༣༦༦ བྱས་ནས་བརྩི་དགོས་པ་ཡིན། ༢ གཉིས་པ་ཚེས་ཞག་མའི་ལོ་རྩིས་ཞེས་པ་ནི་གོང་གི་དེ་ལས་བཟློག་སྟེ། ཟླ་བའི་འཕེལ་འགྲིབ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་ཉི་མའི་འགྲོས་ལ་འབྲེལ་བ་ཅི་ཡང་མེད། དེ་ནི་གཙོ་བོ་ཚེས་ཟླ་གཅིག་གི་ཚད་ཉིན་ཞག་ ༢༩༥༣༠༥༩ དེ་གཞིར་བཟུང་ནས་ལོ་ཟླ་ཞག་གསུམ་རྩི་བྱེད་ཀྱི་རྩིས་ལུགས་ཤིག་ཡིན། ༣ གསུམ་པ་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཞེས་པ་ནི་གོང་དུ་བཤད་ཟིན་པ་ལྟར་ཉི་ལྡོག་གི་ལོ་གཅིག་གི་ཚད་དང་། ཚེས་ཟླ་གཅིག་གི་ཚད་གཉིས་ཀ་གཞིར་བཟུང་གིས་བརྩིས་པའི་ལོ་རྩིས་ཀྱི་རིགས་ཤིག་ལ་ཟེར། དེས་ན་ཉི་མ་ལྡོག་པའི་ལོ་གཅིག་གི་ཚད་ནི། ཉིན་ཞག་ ༣༦༥༢༤༢༢ ཡིན་པ་དང་། ཚེས་ཟླ་གཅིག་གི་ཚད་ནི། ཉིན་ཞག་ ༢༩༥༣༠༥༩ ཡིན་པའི་རྐྱེན་གྱིས་དེ་གཉིས་ལྷུ་སྒྲིག་ཐབས་བྱེད་དགོས། ལོ་གཅིག་ལ་ཚེས་ཟླ་བཅུ་གཉིས་ཀྱི་དབང་དུ་བཏང་ན། ཉིན་ཞག་ ༣༥༤༣༦༧༠༨ མ་གཏོགས་མི་འབྱུང་བས་ལོ་རེར་ཉིན་ཞག་ ༡༡ ཆ་ཤས་དང་བཅས་པའི་ཉུང་སྐྱོན་འབྱུང་། ལོ་གཅིག་ལ་ཚེས་ཟླ་བཅུ་གསུམ་དུ་བྱས་ན་ཉིན་ཞག་ ༣༨༣༨༩༧༠༧ འབྱུང་བས་ལོ་རེེར་ཉིན་༡༨རྗེས་འབྲངས་དང་བཅས་པའི་མང་སྐྱོན་འབྱུང་། ཉིན་ཚེས་ཕན་ཚུན་བསྟུན་ཕྱིར་ཟླ་བཤོལ་འདོན་པའི་ལུགས་སྲོལ་བྱུང་བ་དེ་ནི་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། བོད་ཀྱི་སྐར་རྩིས་དང་རྒྱ་རིགས་ཀྱི་ཞིང་རྩིས་སོགས་ནི་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཡིན་ནོ། །
Domain རྩིས་རིག