85627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོག་ (1)
Part of speech མིང་ཚིག
Definition ས་ཞིང་གི་ཕྲུ་སློག་པའི་ལས་ཀའི་མིང་སྟེ།
Keyword True
Example ཞིང་ལ་ལོག་བརྒྱབ། ཉིས་ལོག་བརྒྱབ། ལོག་ཐམས་ཅད་ཀྱི་ནང་ནས་སྟོན་གྱི་ལོག་མཆོག་ཡིན་ལྟ་བུ།
ལོག་ (1)
Part of speech བྱ་ཚིག
Definition མར་འགྱེལ་བའི་དོན་ཏེ།
Keyword True
Example རྒྱུག་སྣ་རྡོ་ལ་ཁེལ་ནས་ལོག་ལྟ་བུ།
Type ཡུལ་སྐད།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ལོག་ (2)
Part of speech བྱ་ཚིག
Definition ངོ་བོ་གཞན་དུ་འགྱུར་བའམ་གྱུར་པའི་དོན།
Keyword True
Example སྔགས་རྒན་འདྲེ་ལ་ལོག གྲྭ་པ་ཁྲམ་པར་ལོག དམག་མི་ཇག་པར་ལོག་ལྟ་བུ།
ལོག་ (3)
Part of speech བྱ་ཚིག
Definition མདོག་གམ་མདངས་འགྱུར་བའི་དོན་ཏེ།
Keyword True
Example ཚི་ལེན་མདོག་དཀར་པོ་ལོག ཞྭ་མོ་མདོག་དམར་པོ་ལོག འཁྱགས་ནས་ངོ་མདོག་ལོག ཉི་ཤེལ་མདོག་ལོག་ལྟ་བུ།
ལོག་ (4)
Part of speech བྱ་ཚིག
Definition སྔར་གནས་སུ་ཕྱིར་འགྲོ་བའི་དོན་ཏེ།
Keyword True
Example སང་ཉིན་ཕ་ཡུལ་ལ་ལོག་ལྟ་བུ།
ལོག་ (1)
Part of speech རྒྱན་ཚིག
Definition དངོས་པོའི་གནས་ཚུལ་ལས་གཞན་དུ་གྱུར་བའི་དོན་ཏེ།
Keyword True
Example འོན་པས་སྒྲ་ལོག་གོ ། གླེན་པའི་དོན་ལོག་སེམས་ལྟ་བུ།
ལོག་ (2)
Part of speech རྒྱན་ཚིག
Definition ཚད་ལས་འདས་པའམ་ཚུལ་དང་མི་མཐུན་པའི་དོན་ཏེ།
Keyword True
Example ཁེ་ལོག་ཚོང་ལོག་བྱེད་མཁན་གྱི་ཁྲམ་པ། ས་ལོག་ཆུ་ལོག་བྱུང་ནས་གཟུགས་པོ་འཁྲུགས་ལྟ་བུ།
ལོག་ (3)
Part of speech རྒྱན་ཚིག
Definition ཡུལ་སྐད་ལ་ལར་དབྱིབས་ཟླུམ་པོའམ་རྡོག་རྡོག་གི་དོན་ཏེ།
Keyword True
Example རྡོ་ལོག་སྣོད་ལ་མ་བཅུག ས་ལོག་མཁར་ལ་མ་བརྩིག་ལྟ་བུ།