85628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོག་གནོན་ (1)
Part of speech མིང་ཚིག
Definition མ་རུངས་གདུག་རྩུབ་ཀྱི་བསམ་སྦྱོར་རྣམས་བཅོམ་པ་སྟེ།
Example སྡེ་བརྒྱད་འཁྲིགས་པའི་ལོག་གནོན་མཛད་ཅེས་པ་ལྟ་བུ།
ལོག་གནོན་ (2)
Part of speech མིང་ཚིག
Definition སྨན་བཅོས་བྱེད་ཐབས་ཅིག་སྟེ། ནུས་པ་ལ་ལྟོས་ནས་བཤད་པ་ཞིག་དང་བྱེད་ལས་ལ་ལྟོས་ནས་བཤད་པ་ཞིག་གཉིས་མཆིས་པ་ལས། ནུས་པའི་དབང་དུ་བཤད་ན་སྨན་གཞན་ལས་སྟོབས་ལོག་པོ་སྟེ་ལྡབ་གཅིག་གིས་ཆེ་བའི་དོན་དང། བྱེད་ལས་ཀྱིས་དབང་དུ་བཤད་ན་སྨན་གཞན་གྱིས་ལོག་པའི་ལས་མི་མཐུན་པ་རྣམས་ཁ་གནོན་ཅིང་འཇོམས་པའི་དོན་ལ་འཇུག་པས་སྐབས་ཐོབ་ཏུ་གོ་བར་བྱའོ། །
Domain གསོ་རིག