85710
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རུདྲ་འཇིག་རྟེན་དུ་བྱུང་ཚེ་དེའི་ལས་དང་ནུས་མཐུས་བསླད་ནས་འགྲོ་བ་རྣམས་ལོག་པར་ལྟ་བ་དགུ་ལ་གནས་པར་གསུངས་པའི་ལོག་ལྟ་དགུ་པོ་སྟེ། སྟོང་པ་རྒྱུན་ཆད་དུ་བསྒྱུར་བ་དང། བདག་ཏུ་ཞེན་པར་བསྒྱུར་བ་དང། འགོག་པར་འཇུག་པར་བསྒྱུར་བ་དང། གདུག་ཅིང་གཏུམ་པར་བསྒྱུར་བ་དང། ལོག་པར་ལྟ་བར་བསྒྱུར་བ་དང། བརྐམས་ཤིང་འཇུངས་པར་བསྒྱུར་བ་དང། ཤིན་ཏུ་གཡེངས་པར་བསྒྱུར་བ་དང། གཏི་མུག་རྨོངས་པར་བསྒྱུར་བ་དང། ཆགས་པས་མྱོས་པར་བསྒྱུར་བའོ། །གཟི་ལྡན་འཆར་ཁའི་འོད་སྣང་དུ་དགུར་བགྲངས་ཀྱང་མདོ་འགྲེལ་མུན་པའི་གོ་ཆར་ལོག་ལྟ་བརྒྱད་ཅེས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |