From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལོག་ཤེས་ (1)
| Part of speech
|
མིང་ཚིག
|
| Definition
|
ཚད་མིན་བློ་ལ་ལྔར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ལོག་ཤེས་ཀྱི་མཚན་ཉིད། དེ་མ་ཡིན་པ་ལ་དེར་འཛིན་པའི་ཤེས་པ། དབྱེ་ན། རྟོག་པ་ལོག་ཤེས་དང་རྟོག་མེད་ལོག་ཤེས་གཉིས། ཞེས་གསུངས།
|
| Domain
|
ཚད་མ།
|
ལོག་ཤེས་ (2)
| Part of speech
|
མིང་ཚིག
|
| Definition
|
ལོག་ཤེས་ཞེས་པ་ནི། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཞིག་ལ་ཟེར་། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་ཞེན་ཡུལ་ལ་འཁྲུལ་བའི་རིག་པ་ལོག་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རྟོག་པར་གྱུར་པའི་ལོག་ཤེས་དང་། རྟོག་མེད་ལོག་ཤེས་གཉིས་ཡོད། རང་གི་ཞེན་ཡུལ་ལ་འཁྲུལ་བའི་ཞེན་རིག་དང་པོའི་མཚན་ཉིད། དེ་དང་རྟོག་པ་དོན་མི་མཐུན་དོན་གཅིག། མཚན་གཞི་རི་བོང་རྭ་འཛིན་རྟོག་པ་ལྟ་བུའོ། །རང་གི་ཞེན་ཡུལ་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་རིག་པ་གཉིས་པའི་མཚན་ཉིད། མཚན་གཞི་ནི། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ལྟ་བུའོ། ། ཡང་དེ་ལ་དབྱེ་ན། དབང་ཤེས་སུ་གྱུར་བའི་ལོག་ཤེས་དང་། ཡིད་ཤེས་སུ་གྱུར་བའི་ལོག་ཤེས་གཉིས་ལས། ལོག་ཤེས་གང་ཞིག རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱུར་བའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རིག་པ་དང་པོའི་མཚན་ཉིད། དཔེར་ན་དུང་དཀར་སེར་པོར་སྣང་བའི་དབང་ཤེས་དང་། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལྟ་བུའོ། །ལོག་ཤེས་གང་ཞིག རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རིག་པ་གཉིས་པའི་མཚན་ཉིད། དཔེར་ན་ནམ་མཁའི་མེ་ཏོག་འཛིན་པའི་རྟོག་པ་དང་། སྔོན་པོ་གསལ་བར་སྣང་བའི་རྨི་ལམ་གྱི་ཤེས་པ་ལྟ་བུའོ། །ཞེས་གསུངས།
|