85783
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་ཁོ་ནར་བཞུགས་པ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་པར་དུ་གནས་པ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། འཁོར་ངེས་པ་ཐེག་ཆེན་འཕགས་པ་ཤ་སྟག་གིས་བསྐོར་བ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུང་པ་རྣམས་ཡིན་ནོ། །ལོངས་སྐུ་དེ་ཡང་ཁྱད་ཆོས་རྣམ་པ་ལྔ་དང་ལྡན་པ་ཡིན་དེ། སྐུའི་སྟོན་པ་རྒྱུན་མི་ཆད་པ། གསུང་གི་བརྗོད་པ་རྒྱུན་མི་འཆད་པ། ཐུགས་ཀྱི་མཛད་པ་རྒྱུན་མི་ཆད་པ། འབད་རྩོལ་ཀྱིས་མངོན་པར་འདུ་བྱེད་པ་མེད་པ། སྣ་ཚོགས་སུ་སྣང་ཡང་སྣང་བ་ལྟར་བདེན་པར་མ་གྲུབ་པའི་ཁྱད་ཆོས་རྣམས་དང་ལྡན་པའི་ཕྱིར། |
| Domain | ཆོས་ལུགས། |