85786
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་ལྔ་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་ལས་བྱུང་བ་སྟེ། འབྱུང་བ་ཆེན་པོའི་ལོངས་སྐུ་ནི། ཆོས་སྐུའི་འཆར་གཞི་ལས་རང་ཤར་ཏེ་འོད་གསལ་ལྔ་ལྡན་གྱི་སྐུར་རྫོགས་པ་ནི། གཞི་སྣང་འབྱུང་བ་ཆེན་པོའི་རང་བཞིན་གསལ་བ་དྲོ་བ། བསིལ་བ། ཡངས་པ། ཁྱབ་པའི་བདག་ཉིད་ཅན་ནོ། ། གནས་པ་ཁྱབ་ཚུལ་གྱི་ལོངས་སྐུ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་འོད་ཁྱིམ་གྱིས་ཁྱབ་པའི་ཆ་མངོན་དུ་གྱུར་པའོ། ། སྣང་བ་ལམ་གྱི་ལོངས་སྐུ་ནི། གཞི་ནང་ཆོས་ཉིད་ཀྱི་ལོངས་སྐུ་སེམས་ཅན་ལ་བར་དོར་ལམ་དུ་སྣང་བ་དེ་སྐབས་འདིར་གདུལ་བྱ་འདྲེན་པའི་ལམ་དུ་ཆོས་སྐུའི་ནང་དབྱིངས་ལས་རང་ཤར་ཏེ། འོད་དང་། ཁ་དོག་གི་ཀློང་ནི། དཀྱིལ་དང་། འཁོར་དང་། ཡུམ་དང་། སྐུ་མདོག་དང་། ཕྱག་མཚན་ལ་སོགས་པར་གསལ་བའོ། ། གདུལ་བྱ་སྣང་ཚུལ་གྱི་ལོངས་སྐུ་ནི། ལོངས་སྐུས་འདུལ་བའི་གདུལ་བྱ་ལ་རིགས་དང་དཀྱིལ་འཁོར་སོ་སོར་སྣང་བ་སྟེ། རྣམ་པར་འཕྲུལ་པས་ཕྱེ་ནས་གདུལ་བྱའི་དབང་དུ་བྱས་ན། ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ། བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཟང་ཐལ་བས་མདུན་རྒྱབ་མེད་པ། གང་ནས་བལྟས་ཀྱང་དེ་ལ་ཞལ་སྟོན་པ་ལྟར་སྣང་བ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། ། |
| Domain | ཆོས་ལུགས། |