85811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྫོགས་སྐུའི་མཚན་དཔེ་དང་འགྲོ་དོན་དུ་དེའི་ལོངས་སྤྱོད་ཀྱི་ཁྱད་པར་ངེས་པ་ལྔ་ལྡན་སོགས་ལ་བཤད་དོ། ། དེ་ལ་དབྱེ་ན། ཉེར་ལྔ་ཡོད་དེ། དཔལ་གསང་འདུས་དོན་གྱི་རྒྱུད་ལས། ལོངས་སྤྱོད་ཕྱག་རྒྱ་ཉི་ཤུ་ལྔ། །བོན་སྐུ་དངོས་པོ་མེད་པ་ལ། །མཚན་དང་དཔེ་བྱད་དངོས་བསྟན་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡ གནས་པའི་གཞལ་ཡས་མ་མཆིས་ལ། །འོག་མིན་ཞིང་ཁམས་ལྔར་གསལ་བ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢ ཉན་པའི་འཁོར་ཚོགས་མ་མཆིས་པ། །རིགས་ལྔ་སེམས་དཔའ་ཚོགས་བཅས་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༣ བཤད་པའི་བོན་སྒོ་མ་མཆིས་པ། །བརྒྱད་ཁྲི་བཞི་སྟོང་ལུང་གནང་བ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༤ འདུལ་བའི་ཞིང་ཁམས་མ་མཆིས་ལ། །ཁམས་གསུམ་འཁོར་བའི་གནས་བསྟན་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༥ གཡུང་དྲུང་གསང་བའི་གསས་ཁང་དུ། །འོད་དུ་འབར་ཞིང་ཁྱད་རྫོགས་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༦ ཉོན་མོངས་དུག་ལྔ་འདུལ་བའི་ཕྱིར། །ཆེན་པོ་ལྔ་ཡི་གདན་བཏིང་བ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༧ འཁོར་བའི་ཆགས་སྤྱོད་བྲལ་བའི་ཕྱིར། །ཉི་ཟླ་པད་མའི་གདན་བཏིང་བ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༨ ཞབས་ཀྱི་དཀྱིལ་མོ་དཀྲུང་བཅའ་ཞིང་། །གཡས་གཡོན་གཉིས་ཀྱི་བླ་ལ་ཕོག ། ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༩ རྒྱུང་པ་གསེར་གྱི་ཐིག་ཆེན་ལ། །ཚིགས་པ་སྟོང་ཙེ་རྩིག་འདྲ་བ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༠ སྐེ་མགུལ་བུམ་པ་འདྲིལ་འདྲ་ཞིང། །ཅུང་ཙམ་དྲང་ལ་གུག་པ་ཆགས། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༡ ཕྱག་ནི་ཆུན་འཕྱང་འཕྲུལ་འདྲ་ཞིང། །དྲང་ལ་ལྷུག་པར་བཞུགས་པ་ནི། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། ༡༢ ཕྱག་སོར་འཇམ་ལ་ལེགས་གཞོན་ཞིང། མཉམ་པ་ཉིད་དུ་བསྣོལ་བ་ནི། ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༣ སྤྱན་ནི་གཟིགས་པ་གཟི་ལྡན་ཞིང་། །ཤངས་ཀྱི་རྩེ་ལ་དབབ་པ་ནི། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༤ སྙན་ནི་སྒྲ་ལ་མི་གཡེང་བར། །དངོས་མེད་ངང་ལ་གཏད་པ་ནི། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༥ ཤངས་ནི་དྲི་ལ་མི་གཅོད་པར། །ཡོངས་སུ་སྙོམས་ལ་གནས་པ་ནི། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༦ ལྗགས་ནི་རྐན་ལ་མ་རེག་པར། །ཡི་གེ་ཨ་ཡི་ཚུལ་འབོད་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༧ སྐེད་པ་སྒེག་ལ་གཉེན་ཆགས་པ། །འཁྲིལ་ལ་ལྡེམ་པར་བཞུགས་པ་ནི། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༨ སྐུ་སྟོད་འགྱིང་ལ་བརྗིད་ཆགས་པ། །མ་པང་གེ་ཡི་སྟབས་ལྟ་བུ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༡༩ ཞལ་རས་འཛུམ་ལ་མདངས་ཆགས་པ། །ཉི་མའི་དཀྱིལ་འཁོར་ཟླ་རྒྱས་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢༠ གཙུག་གཏོར་ཤིན་ཏུ་མཐོ་བ་ལ། །རིན་ཆེན་སྣ་ལྔས་དབུ་བརྒྱན་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢༡ ཕྱག་ཞབས་གདུག་གུ་ཁྲོལ་བ་ལ། །མཛེས་པའི་རྒྱན་གྱིས་སྐུ་སྤྲས་པ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢༢ སྐུ་སྟོད་གཞའ་ཚོན་ན་བཟའ་ལ། །སྐུ་སྨད་སྤྲིན་དཔུང་ཤམ་ཐབས་ལྡན། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢༣ གཡས་ནས་ལྷ་བྲན་གར་བྱེད་ཅིང་། །གཡོན་ན་ལྷ་མོ་མཆོད་འབུལ་མ། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢༤ བྱམས་སྤྱོད་སྙིང་རྗེའི་གཞི་ལྡན་ཞིང། །རྣམ་པར་འཚེ་མེད་འཇིག་བྲལ་ན། །ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་ཡིན། །༢༥ ལོངས་སྤྱོད་ཕྱག་རྒྱ་ཉི་ཤུ་ལྔ། །ཞེས་སོ། ། དེ་ལའང་། ༡. བཅའ་བ་དང་། ༢.བསྒྱུར་བ། ༣. གྲོལ་བ་གསུམ་ཡོད་དེ། དེ་ཉིད་ལས། བཅའ་བ་འོག་མིན་གནས་སུ་བཅའ། །བསྒྱུར་བ་ཞིང་ཁམས་ལྔ་ལ་བསྒྱུར། །གྲོལ་བ་མཁྱེན་དང་བརྩེ་བར་གྲོལ། །ཞེས་གསུངས་པས་ཤེས་སོ། །དེ་དག་ནང་གསེས་ཀྱི་དོན་རྣམས་མ་ཚིག་གཞན་གྱི་སྐབས་ན་གསལ་ལོ། །
Domain ཆོས་ལུགས།

{{#arraymap:ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་

|; |@@@ | | }}