85824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོན་ (1)
Part of speech བྱ་ཚིག
Definition དུས་ཚད་ངེས་ཅན་ཞིག་གི་མཚམས་སུ་སླེབས་པའི་དོན།
Keyword True
Example ལོ་ལྔ་ལོན་དུས་སློབ་གྲྭ་ལ་འགྲོ་དགོས་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ལོན་ (2)
Part of speech བྱ་ཚིག
Definition ཅ་དངོས་གང་ཞིག་བླངས་ནས་ལག་ཏུ་ཐོབ་པའམ་ལེན་ཐུབ་པའི་དོན་ཏེ།
Example ས་འོག་ནས་གསེར་གྱི་གཏེར་ཁ་ལོན་ཏེ་ཕྱུག་པོ་ཆགས་ལྟ་བུ།
ལོན་ (3)
Part of speech བྱ་ཚིག
Definition ཤེས་པའམ་རྟོགས་པའི་དོན་ཏེ།
Example མི་དེ་རྒྱུས་ལོན་ལྟ་བུ།
ལོན་ (1)
Part of speech མིང་ཚིག
Definition ཆུའི་རགས་ཀྱི་མིང་སྟེ། བརྡ་གསར་རྙིང་ལས། ལོན་ནི་ཆུའི་རགས་ཞེས་གསུངས།
Type བརྡ་རྙིང་།