85833
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དར་གུད་བཅུ་གཉིས་པོ་ལོ་འགྲོས་བཅུ་གཉིས་ཀྱི་སྟེང་དུ་བསྐོར་པ་ལ་ཟེར་ཞིང་། དེ་ཡང་བརྩི་བྱ་དག་གི་སྲོག་སོགས་བཞིའི་འབྱུང་ཁམས་ལ་བརྟེན་ནས་བསྐོར་དགོས་པས། འབྱུང་ཁམས་ཤིང་ཡིན་ན་སྟོན་ར་སྤྲེལ་དང་། མེ་ཡིན་ན་དགུན་ར་ཕག ལྕགས་ཡིན་ན་དཔྱིད་ར་སྟག ས་དང་ཆུ་ཡིན་ན་དབྱར་ར་སྦྲུལ་བཅས་ནས་དབུགས་བླངས་ཏེ་ལོའི་སྟེང་དུ་གཡས་བསྐོར་གྱིས་ལོ་ཟླ་ཞག་དུས་ཀྱི་སྟེང་དུ་སྐབས་དང་བསྟུན་ནས་འཇོག་དགོས་པ་ཡིན། |
| Domain | རྩིས་རིག |