85836
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨིན་དྲུག་ཟླ་བའི་ཉ་ནས་ལོ་སྔ་མའི་ལོ་མཇུག་རྫོགས་ཏེ། དེའི་ཕྱི་དེ་ཉིན་མགོའི་ཚེས་གཅིག་ནས་ལོ་མགོ་འཛིན་པ་སྟེ། དེ་ནས་བཟུང་སྟེ་དུས་ཚིགས་གསུམ་དང་། ལྔ་དང་། དྲུག་རྣམས་ཀྱི་ཟླ་བའི་མགོ་ཡང་འཛིན། དུས་ཚིགས་བཞིའི་ཕྱེད་ཚེས་ཀྱི་དབང་དུ་བྱས་པའི་ཟླ་མགོ་འཛིན་ཅིང་། རིལ་ཚེས་ལ་ནི་མར་ངོ་དེ་ཉིད་སྟོན་ཟླ་ཐ་ཆུང་དུ་གཏོགས་པའོ། །ལུགས་འདི་ལ་གསོ་སྦྱོང་བཅུ་བཞི་པ་འགྲིག་པ་ནི་འོག་ཏུ་འཆད་ཅིང་། དབྱར་གནས་འགྲིག་པ་ནི་གྲོ་བཞིན་ཟླ་བའི་ཚེས་གཅིག་དང་། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དོན་གཅིག་ཏུ་འབྱུང་བས་མདོ་རྩ་དང་། ཚིག་ལེ་གཉིས་ཀ་དང་འགྲིག་ལ། དེ་ཉིད་ཀྱིས་དགག་དབྱེ་ཡང་འགྲིག་པར་གྲུབ་བོ། །སྲ་བརྐྱང་འགྲིག་པ་ནི་སྨིན་དྲུག་ཟླ་བའི་ཚེས་གཅིག་དང་། སྟོན་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་གྱི་ཚེས་བཅུ་དྲུག་དོན་གཅིག་ཏུ་འབྱུང་བས་གཞུང་གཉིས་ཀ་དང་འགྲིག་གོ ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱི་གཞུང་སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་ལ་སྦྱར་བ་དང་ཡང་འགྲིག་སྟེ་དབྱར་གྱི་ཟླ་བ་གཉིས་པ་ནི་ཁྲུམས་ཀྱི་ཟླ་བར་གྲུབ་ལ། དེའི་ཐ་མ་ནི་ཕྱེད་ཚེས་དབང་དུ་བྱས་ནས་ཡར་ངོ་ཡིན་ལ། དེའི་ཚེས་དགུ་ལ་སྟོན་ཉིན་མཉམ་མཚན་མཉམ་དང་དབོའི་ཟླ་བའི་ཡར་ངོའི་ཚེས་དགུ་ལ་དཔྱིད་ཉིན་མཉམ་མཚན་མཉམ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ཉི་མ་ལྡོག་པའི་དུས་ཀྱང་ཤུགས་ལ་གྲུབ་སྟེ། མགོའི་ཟླ་བའི་ཡར་ངོ་ལ་དགུན་ཉི་ལྡོག་དང་། སྣྲོན་གྱི་ཟླ་བའི་ཡར་ངོ་ལ་དབྱར་ཉི་ལྡོག་པར་གྲུབ་ཅིང་ད་ལྟར་མཐོང་བའི་ཕྱིར་རོ། །རྒྱལ་གྱི་ཟླ་བའི་ཡར་ངོ་ལ་དགུན་ཉི་ལྡོག་དང་། ཆུ་སྟོད་ཟླ་བའི་མར་ངོ་ལ་དབྱར་ཉི་ལྡོག་པ་རེས་འགའ་འབྱུང་བ་ནི་ཟླ་བཤོལ་འདོར་བ་ལ་ཉེ་བའི་དུས་ཏེ། དཔྱད་པས་གསལ་ལོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། |