From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྐོག་གྱུར་ (1)
| Part of speech
|
མིང་ཚིག
|
| Definition
|
གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞལ་བྱ་ལྐོག་གྱུར་གྱི་མཚན་ཉིད། རྗེས་དཔག་ཚད་མས་རྟོགས་པར་བྱ་བ། དཔེར་ན་སྔོན་པོ་མི་རྟག་པ་ལྟ་བུའོ། །ཞེས་དང་། ཡང་ན་དེའི་མཚན་ཉིད། རྟགས་སྟོབས་ཀྱིས་སྒྲོ་འདོགས་དཔྱད་པར་བྱ་བ། ཞེས་གསུངས།
|
| Domain
|
ཚད་མ།
|
ལྐོག་གྱུར་ (2)
| Part of speech
|
མིང་ཚིག
|
| Definition
|
ལུགས་འདི་ལ་རང་འཛིན་རྟོག་པ་ལ་རང་མ་ཡིན་པ་ལས་ལོག་པར་སྣང་བའི་སྒྲོ་བཏགས་ཀྱི་ཆའམ་རང་གི་དོན་སྤྱི་དང་འདྲེས་ནས་རྟོགས་ཀྱིས་མངོན་སུམ་དུ་མ་རྟོགས་པས་ན་ལྐོག་གྱུར་ཞེས་བྱ་བ་ཡིན་ཏེ། དེ་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། རྗེས་སུ་དཔག་པའི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དེ། ལྐོག་གྱུར་གྱི་མཚན་ཉིད། རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ། རང་ཉིད་ལྐོག་གྱུར་ཡིན་པའི་མཚན་ཉིད། གཞི་གྲུབ་ན། ལྐོག་གྱུར་ཡིན་པས་ཁྱབ་ཅིང། ལྐོག་གྱུར་ལ་དབྱེ་ན། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གཉིས། དང་པོ་ནི། སྒྲ་མི་རྟག་པ་ལྟ་བུ། གཉིས་པ་ནི། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་དང། ཚུལ་ཁྲིམས་བསྲུངས་པ་ལས་བདེ་འགྲོ་ཐོབ་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།
|