85940
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། རྒྱུན་དུ་ཞུགས་པའི་འབྲས་བུ་བརྒྱད་དེ། ཡིད་བཞིན་དུ་ཕན་བདེ་ཀུན་འབྱུང་ཤེས་པའི་མངོན་རྟོགས། བག་ཆགས་ཀུན་དག་པར་ཤེས་པའི་མངོན་རྟོགས། ཡུལ་ཐམས་ཅད་ཀུན་གསལ་བའི་མངོན་རྟོགས། ཕྱོགས་རིས་མེད་པའི་མཉམ་པ་ཉིད་ཀྱི་མངོན་རྟོགས། འོག་མིན་བོན་ཉིད་བླ་ན་མེད་པའི་དོན་གསལ་བའི་མངོན་རྟོགས། སྤང་རྟོགས་མ་འགྱུར་བརྟན་པའི་མངོན་རྟོགས། གནས་ལུགས་ཡང་དག་པའི་གནས་ན་བརྟན་པའི་མངོན་རྟོགས། ཟག་མེད་ཀྱི་ཡོན་ཏན་ལྷུན་ལ་རྫོགས་པའི་མངོན་རྟོགས་དང་བརྒྱད་དོ། །རྒྱས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་བརྒྱད་ཀྱི་སྐབས་སུ་གསལ། |
| Domain | ཆོས་ལུགས། |