85947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྔ་པ་ཉི་ཤུ་རྩ་གཅིག་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ལྔ་པ་དང་པོ། ༡ ལོ་བཅུ་ལོན་པ། ༢ ནད་གཡོག ༣ འགྱོད་པ་སྐྱེས་པ་སེལ་བ། ༤ སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྱུང་བ་སྤོང་བ། ༥ གནས་མངོན་པར་མི་དགའ་བ་དོར་བ་བྱེད་དམ་བྱེད་དུ་འཇུག་ནུས་ལ་ཞེས་གསུངས་པ་ནི་ལྔ་པ་གཅིག་ཡིན་ནོ། ། ལྔ་པ་གཉིས་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ མདོ་སྡེ་འཛིན་པ། ༤ འདུལ་བ་འཛིན་པ། ༥ མ་མོ་བྱེད་དུ་ཞུགས་པའོ། ། ལྔ་པ་གསུམ་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ མདོ་སྡེ་ལ་མཁས་པ། ༤ འདུལ་བ་ལ་མཁས་པ། ༥ མ་མོ་ལ་མཁས་པའོ། ། ལྔ་པ་བཞི་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ མདོ་སྡེ་རིག་པ། ༤ འདུལ་བ་རིག་པ། ༥ མ་མོ་རིག་པའོ། ། ལྔ་པ་ལྔ་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ མདོ་སྡེ་ལ་གསལ་བ། ༤ འདུལ་བ་ལ་གསལ་བ། ༥ མ་མོ་ལ་གསལ་བའོ། ། ལྔ་པ་དྲུག་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ མདོ་སྡེ་འཛིན་དུ་འཇུག་ནུས་པ། ༤ འདུལ་བ་འཛིན་དུ་འཇུག་ནུས་པ། ༥ མ་མོ་འཛིན་དུ་འཇུག་ནུས་པའོ། ། ལྔ་པ་བདུན་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པ། ༤ ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་པ། ༥ ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པའོ། ། ལྔ་པ་བརྒྱད་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ། ༤ ལྷག་སེམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ། ༥ ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པའོ། ། ལྔ་པ་དགུ་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ ལྷག་པའི་སྤྱོད་པ་ལ་སློབ་པ། ༤ ལྷག་པའི་འདུལ་བ་ལ་སློབ་པ། ༥ ལྷག་པའི་སོ་སོར་ཐར་པ་ལ་སློབ་པའོ། ། ལྔ་པ་བཅུ་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ ལྷག་པའི་སྤྱོད་པ་ལ་སློབ་ཏུ་འཇུག་ནུས་པ། ༤ ལྷག་པའི་འདུལ་བ་ལ་སློབ་ཏུ་འཇུག་ནུས་པ། ༥ ལྷག་པའི་སོ་སོར་ཐར་པ་ལ་སློབ་པ་ཞེས་བྱ་བའོ། ། ལྔ་པ་བཅུ་གཅིག་པ། ༡ དད་པ་ཕུན་སུམ་ཚོགས་པ། ༢ ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ༣ ཐོས་པ་ཕུན་སུམ་ཚོགས་པ། ༤ གཏོང་བ་ཕུན་སུམ་ཚོགས་པ། ༥ ཤེས་རབ་ཕུན་སུམ་ཚོགས་པ། ལྔ་པ་བཅུ་གཉིས་པ། ༡ ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ༢ ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ༣ ཤེས་རབ་ཕུན་སུམ་ཚོགས་པ། ༤ རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། ༥ རྣམ་པར་གྲོལ་བ་ཤེས་པ་ཕུན་སུམ་ཚོགས་པའོ། ། ལྔ་པ་བཅུ་གསུམ་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ ཐོས་པ་དང་ལྡན་པ། ༣ བརྩོན་འགྲུས་བརྩམས་པ། ༤ ཤེས་རབ་དང་ལྡན་པ། ༥ དྲན་པ་དང་ལྡན་པའོ། ། ལྔ་པ་བཅུ་བཞི་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ བརྩོན་འགྲུས་བརྩམས་པ། ༤ ཤེས་རབ་དང་ལྡན་པ། ༥ ནང་དུ་ཡང་དག་གཞག་པའོ། ། ལྔ་པ་བཅོ་ལྔ་པ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ མང་དུ་ཐོས་པ། ༣ བརྩོན་འགྲུས་བརྩམས་པ། ༤ ཤེས་རབ་དང་ལྡན་པ། ༥ མཉམ་པར་གཞག་པའོ། ། ལྔ་པ་བཅུ་དྲུག་པ། ༡ ཚུལ་ཁྲིམས་ཀྱི་ཕུང་པོ། ༢ ཏིང་ངེ་འཛིན་གྱི་ཕུང་པོ། ༣ ཤེས་རབ་ཀྱི་ཕུང་པོ། ༤ རྣམ་པར་གྲོལ་བའི་ཕུང་པོ། ༥ རྣམ་པར་གྲོལ་བའི་ཤེས་པ་མཐོང་བའི་ཕུང་པོ་དང་ལྡན་པའོ། ། ལྔ་པ་བཅུ་བདུན་པ། ༡ མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ། ༢ ཏིང་ངེ་འཛིན་གྱི་ཕུང་པོ། ༣ ཤེས་རབ་ཀྱི་ཕུང་པོ། ༤ རྣམ་པར་གྲོལ་བའི་ཕུང་པོ། ༥ རྣམ་པར་གྲོལ་བའི་ཤེས་པ་དང་། མཐོང་བའི་ཕུང་པོ་དང་ལྡན་པའོ། ། ལྔ་པ་བཅོ་བརྒྱད་པ། ༡ འབྱུང་བ་ཤེས་པ། ༢ བཅས་པ་ཤེས་པ། ༣ རྗེས་སུ་བཅས་པ་ཤེས་པ། ༤ བཀག་པའི་ཤེས་པ། ༥ གནང་བ་ཤེས་པའོ། ། ལྔ་པ་བཅུ་དགུ་པ། ༡ བར་དུ་གཅོད་པ་ཤེས་པ། ༢ བར་དུ་གཅོད་པ་མ་ཡིན་པར་ཤེས་པ། ༣ སྨྲ་བ་པོ། ༤ རྗེས་སུ་སྟོན་པ། ༥ གནས་འཆར་གཞུག་ནུས་པའོ། ། ལྔ་པ་ཉི་ཤུ་པ། ༡ བར་དུ་གཅོད་པ་ཤེས་པ། ༢ བར་དུ་གཅོད་པ་མ་ཡིན་པ་ཤེས་པ། ༣ སྨྲ་བ་པོ། ༤ རྗེས་སུ་སྟོན་པ། ༥ རེ་ཞིག་གནས་འཆར་ནུས་པའོ། ། ལྔ་པ་ཉི་ཤུ་རྩ་གཅིག་པ། ༡ ལྟུང་བ་ཤེས་པ། ༢ ལྟུང་བ་མ་ཡིན་པར་ཤེས་པ། ༣ ཡང་བ་ཤེས་པ། ༤ ལྕི་བ་ཤེས་པ། ༥ སོ་སོར་ཐར་པའི་མདོ་གདོན་པ་དང་། རྒྱས་པར་བཀླགས་པ་དང་། ཐོན་པ་ཞེས་བྱ་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:ལྔ་པ་ཉི་ཤུ་རྩ་གཅིག་

|; |@@@ | | }}