85962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྔ་བཅུ་པའི་བཤད་པ་ (1)
Part of speech མིང་ཚིག
Definition ཁ་ཆེའི་པཎྜི་ཏ་དྲི་མེད་བཟང་པོའི་ཞལ་སྔ་ནས་མཛད་པའི་ལྔ་བཅུ་པའི་བཤད་པ། མི་ཆེན་ལྷ་རྗེ་མེ་ག་ལིང་གིས་ཞུས་ཤིང་ཡར་ལུངས་པ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། འདིའི་སྒྱུར་བ་པོ་བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“ཁ་ཆེའི་པཎྜི་ཏ་དྲི་མེད་དཔལ་བཟང་པོ་དང་། ཡར་ལུངས་པ་ཤུད་ཀེ་གྲགས་པ་རྒྱལ་མཚན་གཉིས་འཁོད། བསྟན་འགྱུར་རྒྱུད་ཚི་པར་བཞུགས།