85972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྔ་བརྒྱ་ཐ་མར་གྱུར་པའི་དགེ་སློང་ཉམས་པར་འགྱུར་བ་དེ་དག་ལ་སྐྱོ་བར་བྱེད་པའི་ཤས་ཆེར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ དེ་དག་ལ་ཕྲག་དོག་ཤིན་ཏུ་ཤས་ཆེར་འགྱུར་བ། ༢ དེ་དག་ལ་ཁྲོ་བ་ཤིན་ཏུ་ཤས་ཆེར་འགྱུར་བ། ༣ དེ་དག་ལ་ཁྱིམ་ལ་ལྷག་པར་ཆགས་པ་ཤིན་ཏུ་ཤས་ཆེར་འགྱུར་བ། ༤ བདག་ཀྱང་ཡོངས་སུ་སྤངས་ཏེ། བརྐམ་པས་ཟས་གསོག་པའི་གནས་ཀྱི་བུམ་པར་འཇོག་པར་འགྱུར་ཏེ། དེ་དག་ཆོས་གོས་ལ་ཞེན་ནས་ཆགས་པས་ཟིལ་གྱིས་ནོན་ནས། ཟ་མ་ཏོག་ལྟ་བུའི་ཆོས་ཡང་དག་པར་བླངས་ནས་གནས་པར་འགྱུར། སྲོག་དང་ཡ་མ་བརླར་འགྱུར་ཏེ། དེ་དག་ལ་དགེ་སྦྱོང་གི་ཆོས་གནས་པར་མི་འགྱུར་རོ། །
Domain ཆོས་ལུགས།