85979
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྔ་སྒྲ་གཟའ་གསུམ་གྱི་ཡ་གྱལ་ཏེ། གཟའ་ཚེས་དང་། ཟླ་སྐར་དང་། ཉི་སྐར་དང་། སྦྱོར་བ་དང་། བྱེད་པ་བཅས་ལྔ་རུ་བགྲང་བ་དང་། ཡང་ལུགས་གཅིག་ལ་གཟའ་དང་། ཚེས་དང་། ཉི་སྐར་དང་ཟླ་སྐར་གཅིག་ཏུ་བརྩིས་ཏེ་སྐར་མ་ཞེས་དང་། སྦྱོར་བ་དང་། བྱེད་པ་སྟེ་ལྔ་ལ་འདོད། རིགས་ལྡན་སྙིང་ཐིག་ལས། གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། །ཡན་ལག་ལྔ་འམ་ལྔ་བསྡུས་ཞེས། །སྐར་རྩིས་པ་ལ་རླུང་ལྟར་གྲགས། །ཞེས་བྱུང་། |
| Domain | རྩིས་རིག |