85996
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་ཟད་སྦོམ་ལ་རིང་ཐུང་མཐོ་གང་ཙམ་པའི་ཕྱི་ལྤགས་རྫ་མདོག་ཅན་དང༌། ནང་སྐྱ་ལ་སོབ་ཅིང་ཨ་ར་འདྲ་བའི་རྩ་ཕྲན་སོགས་མེད་པ། སྡོང་པོ་ཕྲ་ཞིང་འདྲོང་བའི་སྟོད་ཆ་ནས་ཡལ་ག་གྱེས་ཤིང་ཡལ་སྡོང་གཉིས་ཀ་ཁོང་སྟོང་ཡིན། ལོ་མ་སྔོ་ལྗང་རྒྱབ་ཅུང་སྐྱ་ལ་ངར་པ་རིང་ཞིང་སྨད་ཞེང་ཆེ་བ་དང༌། སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལོ་མང་ཡིན། སྡོང་པོར་སྐྱེ་བའི་ལོ་མའི་ངར་པ་ཐུང་ལ་རྟིང་པས་སྡོང་པོ་བཏུམ་ནས་རེ་མོས་སུ་སྐྱེ་བ། མེ་ཏོག་དཀར་ཆུང་འདབ་མ་ལྔ་ལྡན་གདུགས་དབྱིབས་ཅན་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། འབྲུ་གུ་སེར་ནག་འཇོང་བར་མི་རོ་དོད་པའི་དཀྱིལ་འབུར་ལ་མཐའ་སྲབ་ཅན་མགོ་སྦྲེལ་དུ་སྐྱེ་བ་སྟེ། བོད་ཡུལ་གྱི་རི་མ་ཐང་དང༌། ཞིང་གི་མུ། གྲོང་པའི་གསེབ། གླིང་ཁའི་ནང་བཅས་སུ་སྐྱེ་བ། བོད་ཟླ་བརྒྱད་པའི་ནང་རྩ་བ་བཏུས་ཏེ་ས་དྲེག་མེད་པར་གཙང་མ་བཟོས་ནས་སྐམ་པའི་རྗེས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་འཇམ་ཞིང་དྲོ་བས་མཁལ་སྐེད་སོགས་སྨད་ཀྱི་དྲོད་ཉམས་པ་དང༌། ལུས་ཀྱི་ཟུངས་སྟོབས་ཤོར་བ། རུས་ཚིགས་དང་ལུས་ལ་ཆུ་སེར་རྒྱས་པ། ཕོ་བའི་ནད། སྐྱ་རྦབ། གྲང་བའི་ནད་རིགས་སོགས་ལ་ཕན་པ་ཡིན། |