8601

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙུག་མི་འགྱུར་བ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གཙུག་མི་འགྱུར་བ་ཞེས་པའི་དོན་ནི། གཙུག་ནི་ཀུན་ལས་འཕགས་ཤིང་ཡོངས་ཀྱི་གཙུག་ཕུད་དུ་གྱུར་པའི་དོན་ཡིན་ལ། མི་འགྱུར་བ་ནི། ཡང་རྩེར་སོན་པའི་དོན་དེ་ལས་བཟང་ངན་གྱི་རྐྱེན་དབང་གིས་འཕེལ་འགྲིབ་གང་ཡང་མི་མངའ་བའི་དོན་ཡིན་ནོ། །དེ་ལ་གྲངས་ཀྱི་སྒོ་ནས་དགུ་རུ་གསུངས་ཏེ། སྣང་བ་ཁྱབ་པ་ཆེན་པོའི་སྐུ་མི་འགྱུར། རང་བཞིན་མེད་པའི་གསུང་མི་འགྱུར། མཉམ་ཉིད་འཁྲུལ་པ་མེད་པའི་ཐུགས་མི་འགྱུར། ལེགས་པ་ཀུན་ནས་འབྱུང་བའི་ཡོན་ཏན་མི་འགྱུར། སྙོམས་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མི་འགྱུར། གསལ་བ་ཡེ་ཤེས་ཀྱི་ཐིག་མི་འགྱུར། བདེ་བ་ཆེན་པོའི་ངང་མི་འགྱུར། རྨད་དུ་བྱུང་བའི་གཙུག་མི་འགྱུར། བཅོས་སུ་མེད་པའི་དོན་མི་འགྱུར་བ་དང་དགུའོ། །
Domain ཆོས་ལུགས།