86015
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལས་དབང་པོ་སྒོ་བསལ་གྱི་རྫས་ཞིག་ཡིན་ལ། དབྱིབས་ནི་སྤུ་གྲི་དང་ཆན་གྲིའི་དབྱིབས་མི་འདྲ་སྟེ། སྤུ་གྲི་ནི་རྣོ་ངར་ཆེ་ཡི་གྲིའི་འགོ་ཟླུམ་དབྱིབས་ཡིན། ཆན་གྲི་ནི་ནམ་རྒྱུན་རས་སོགས་གྲ་བྱེད་ཀྱི་ཆན་པའི་བཟོ་དབྱིབས་རང་བྱེད་ཡོད། དེ་གཉིས་ཀྱི་རྒྱུ་ཆ་ལ་རིན་ཆེན་གསེར་དངུལ་སོགས་བྱེད་ཀྱིན་འདུག་འབྱོར་བ་ཆེ་ཆུང་ལ་ལྟོས་པས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། སངས་རྒྱས་ཀྱིས་འགྲོ་བའི་དོན་དུ་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གང་ལ་གང་འདུལ་དུ་བསྟན་པའོ། ། ཐེག་པའི་འཇུག་སྒོ་མི་འདྲ་བས་འབྲས་བུ་བཙལ་ཐབས་སྐབས་སུ་ཆ་རྐྱེན་ཞིག་ཡིན་ཏེ། བོན་ཕྱི་རྒྱུད་ལ་མཚོན་ན་འཕན་ཡུལ་རྒྱས་པ་སོགས་ཀྱི་སྒོར་ཞུགས་ནས་འབྲས་བུ་སྒྲུབ་ཐབས་ཞིག་ལ། མགོ་ཡི་སྐྲ་བཞར། ལུས་ཀྱི་མདོག་བསྒྱུར་ཏེ་ན་བཟའ་པད་ལོ་རིས་དྲུག་སོགས་གསོལ་ཞིང་། ཁྱིམ་མེད་རབ་བྱུང་གི་རྟེན་བྱེད་ནས་འབྲས་བུ་བཙལ་སྐབས་སུ་མཁོ་བ་དང་། བོན་ནང་རྒྱུད་དང་གསང་རྒྱུད་ཀྱི་ཐེག་སྒོར་ཞུགས་པའི་གསང་སྔགས་པ་རྣམས་ཀྱིས་དབུ་སྐྲ་གཙུག་ཕུད་སྣ་མང་བཅིང་བསྒྱུར་བྱེད་སྐབས་མཁོ་བ་ཞིག་ཡིན། མདོ་ན་སེམས་ཅན་གྱི་སྒྲིབ་པ་སྦྱང་ཐབས་སུ་མགོ་ཡི་སྐྲ་ནི་བཞར་བྲེག་བྱེད་པ་དང་བཅིང་བསྒྱུར་བྱེད་པ་སོགས་ལ་མཁོ་བའི་ཆ་རྐྱེན་ཞིག་ཡིན་ཏེ། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། དབུ་སྐྲ་ལྕགས་ཀྱི་ཆན་གྲིས་བྲེག་པ་དང་། གཙུག་ཕུད་སྣ་མང་བཅིང་བསྒྱུར་མང་པོར་གྱུར་ཏོ། །ཞེས་སོ། ། |
| Domain | ཆོས་ལུགས། |