86022
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་རང་ལོའི་དབང་ཁམས་ཀྱིས་གནམ་ལོའི་དབང་ཁམས་གཅོད་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། བག་མ་དེ་རིགས་བརྫངས་ན་ཕ་དང་མིང་བོའི་ཕྱྭ་གཡང་ཁྱེར་ནས་འགྲོ་ཞིང་། མི་ཁ་དང་ནི་ཕྱི་ནང་སྡང་བས། བཅོས་སུ་བྱི་ཕག་གང་རུང་གི་ཐོད་པར་རྟ་སྦྲུལ་ལོའི་གཟུགས་བཅུག་སྟེ་ཡོད་སར་མགར་སབ་རྡུང་ནས་འབྲོ་བ་དང་། ཕྱྭ་གཡང་བཀུག་ཅིང་བསྡམས་ན་བཟང་པར་བཤད། གལ་སྲིད་གནམ་ལོའི་དབང་ཁམས་ཡིན་པའི་བུ་མོ་དག་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན། |
| Domain | རྩིས་རིག |