86053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཤིང་རྟ་ཕྱི་ལོ་ ༡༤༧༤ ལོར་གཙང་དུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སངས་རྒྱས་གླིང་དུ་བསོད་ནམས་ལེགས་པ་དང་། འཆད་དཀའ་བཅུ་པ་གཅིག་ལས་རབ་ཏུ་བྱུང་ཞིང་བཀའ་ཆོས་གསན། མདོག་ཆོས་འཁོར་སྒང་དུ་ཤཱཀྱ་རྒྱལ་མཚན་དང་། བློ་གྲོས་རྒྱལ་མཚན་གཉིས་ལས་ཚད་མ་སོགས་ལ་སློབ་གཉེར་མཛད། བཅུ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་སུ་འཇམ་དབྱངས་འཕགས་མཆོག་ཀླུ་སྒྲུབ་ལས་གྲངས་ཆེན་བཅོ་བརྒྱད་ཀྱི་ལེགས་བཤད་དང་། གསུང་ངག་སོགས་ཟབ་རྒྱས་ཆོས་ཀྱི་མན་ངག་འབུམ་ཕྲག་གསུམ་པ་ལས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་། རས་ཆུང་སྙན་བརྒྱུད་སོགས་ཀྱི་ཟབ་ཁྲིད་ལེགས་པར་གསན། ཉེར་ལྔ་པར་དཔལ་འཁོར་བདེ་ཆེན་དང་། ཉེར་དྲུག་པར་རྩེས་ཐང་དུ་གཞུང་ཆེན་བཅུ་བདུན་གྱི་གྲྭ་སྐོར་མཛད། ཉེར་དགུ་པར་མདོག་ཡ་ག་ཆོས་སྡིངས་སུ་བྱམས་པ་དཀོན་མཆོག་དཔལ་བ་དང་། དབོན་བརྩོན་འགྲུས་རྒྱ་མཚོ། མཚུངས་མེད་དཔལ་འབྱོར་གསུམ་ལས་བསྙེན་པར་རྫོགས། སོ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་ཀྱི་གདན་སའི་ཁྲིར་བཞུགས། གདན་ས་ལོ་ཉེར་དྲུག་རིང་བསྐྱངས། ཆོས་སྲིད་གཉིས་ཀྱི་སྒོ་ནས་དགོན་པ་དར་བར་མཛད། རེ་བཞི་པར་པཎ་གྲུབ་བཟང་པོ་བཀྲ་ཤིས་ལ་གདན་ས་གཏད་ནས་ཟུར་བཞུགས་མཛད། རེ་ལྔ་པར་ཆོས་རྒྱལ་ཚེ་དབང་རྡོ་རྗེས་ངམ་རིང་གི་མཁན་པོར་མངའ་གསོལ། རེ་བདུན་པ་རབ་བྱུང་དགུ་པའི་ལྕགས་བྱི་ཕྱི་ལོ་ ༡༥༤༠ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་པཎ་གྲུབ་བཟང་པོ་བཀྲ་ཤིས། འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ། སྐྱིད་གཤོངས་པ་བློ་གྲོས་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རྒྱལ་མཚན། འཛམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། ལྔ་རིག་བཀྲ་ཤིས་ཆོས་འཕེལ། གདན་གཅིག་པ་ཤཱཀྱ་རྒྱ་མཚོ། མཁས་མཆོག་གྲུབ་པ་བཟང་པོ། འཇམ་མགོན་དཔལ་ལྡན་བཀྲ་ཤིས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་བཅས་ཡིན།