86061
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྤྱིའི་སྐྱེ་དབྱིབས་སོགས་གོང་གི་དཀར་པོ་དང་འདྲ་བ་ལ་སྡོང་པོ་དཀར་པོ་ཕྲ་ལ་རིང་བ། ལོ་མའང་དཀར་པོ་དང་ཁྱད་པར་ཆེ་བ་མེད་ཅིང་སྤུ་དཀར་མང་ལ་ལོ་མའི་རྒྱབ་སྐྱ་བ་ཡོད། མེ་ཏོག་མ་བཞད་གོང་སྐྱི་སྤགས་སྨུག་པོའམ་སེར་པོས་ཟེའུ་འབྲུ་བཏུམ་ཞིང། ཁ་དོག་སེར་པོའི་མེ་ཏོག་འཆར་རྗེས་སྐྱི་པགས་ཁ་བཞིར་གྱེས་ཤིང་འདབ་མ་ལྟ་བུར་གྱུར་པ་དང༌། ནང་དུ་ཟེའུ་འབྲུ་དཀར་པོ་སྤུ་འདྲ་བ་མང་པོ་ཡོད་པ་སྟེ་མི་རྒན་གྱི་མགོ་འདྲ་བ། བོད་ཡུལ་གྱི་ས་ཁུལ་གང་སར་སྐྱེ་བ་དང༌། ལྷག་པར་ཞིང་ཁའི་མུ་དང༌། ཡུར་བུའི་མཐའ་སོགས་སུ་སྐྱེ་བ་མང་བ། ཡལ་ག་བོད་ཟླ་དྲུག་པའི་ནང་སྔོ་ངད་གཞན་དང་མ་འདྲེས་པར་བཏུས་ཏེ་གཙང་མ་བཀྲུས་རྗེས་དུམ་བུར་གཏུབ་ནས་ཉི་མར་བསྐམས་ནས་ཉར་ཚགས་བྱེད་རྒྱུ་དང༌། ནད་གཞི་མང་ཆེ་བར་ནུས་བསྲེག་གི་ཐལ་བ་དགོས་པ་ཡིན། རོ་ཚ་ལ་ཡིད་ཡུད་ཙམ་མང་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ཞིང་རྩུབ་ལ་རྣོ་བས་ཕོ་བའི་དྲོད་ཉམས་པ་དང༌། ཟས་མི་འཇུ་བ། གྲང་སྐྲན་འདྲིལ་བ་དང་ལོང་སྐྲན་སོགས་སྐྲན་གྱི་ནད་རིགས་དང༌། ཆུ་སེར་གྱི་ནད་སོགས་ལ་ཕན་པ་ཡིན། |