86087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་མདུད་དགོན་ (1)
Part of speech མིང་ཚིག
Definition འབྲུ་ཚ་སྒང་པ་བརྩོན་འགྲུས་འབུམ་གྱིས་རབ་བྱུང་ལྔ་པའི་ལྕགས་ཡོས་ཕྱི་ལོ་ ༡༢༩༡ལོར་བཏབ། ཁོང་གིས་མདོ་སྒྱུ་སེམས་གསུམ་གྱི་འཆད་ཉན་གྱི་རྒྱུན་སྤེལ། སླར་རབ་བྱུང་བརྒྱད་པའི་ལྕགས་ཕག་ཕྱི་ལོ་ ༡༤༩༡ ལོར་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་ཉམས་གསོ་དང་རྒྱ་བསྐྱེད་གནང་། ཨོ་རྒྱན་ལྷུན་གྲུབ་གླིང་ཞེས་པའི་མཚན་གསོལ། སྔ་འགྱུར་བཀའ་གཏེར་གྱི་འཆད་ཉན་སྤེལ་བ་དང་། ཆོས་རྗེ་ཤེས་རབ་རྒྱལ་མཚན་ཉིད་ཉག་ཁྲི་སྡེ་བརྒྱད་ཀྱི་དབུ་བླ་གནང་ནས། ཉག་གི་གྲྭ་པ་ཐམས་ཅད་དུས་གཅིག་ལ་ལྕགས་མདུད་དགོན་པར་འཚོགས་པ་དང་། ཁྱད་པར་དུ་མདོ་སྨད་ཀྱི་སྤྱི་ཁྱབ་ཆེན་པོ་ལྕགས་མདུད་རྡོ་རྒྱལ་བ་སྟེ་ཉག་རོང་གི་བླ་དཔོན་གཉིས་ཀར་གྱུར་བས་ཉག་རོང་དགོན་ཁག་ཐམས་ཅད་ལྕགས་མདུད་དགོན་པའི་དགོན་ལག་ལྟ་བུར་གྱུར། གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་ནི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གུ་རུ་གསུང་འབྱོན་མ་དང་རྟེན་སྣ་མང་དུ་མཆིས། སོག་པོ་ཇུན་གར་དམག་ཉག་ཡུལ་དུ་ལྷགས་ཏེ་གྲུབ་མཐའི་ཆགས་སྡང་གིས་དགོན་པ་བཅོམ། དེ་རྗེས་བསྐྱར་གསོ་བྱས། གཞན་ཡང་ཀར་ཀློང་ཞི་ཁྲོ། བདུད་འདུལ་ཕུར་པ། གུ་རུ་དྲག་པོ་རབ་འབར་གྱི་སྒྲུབ་ཆེན་བཅས་ཡོད།
ལྕགས་མདུད་དགོན་ (2)
Part of speech མིང་ཚིག
Definition སྣང་ཞིག་ལྕགས་མདུད་བཀྲ་ཤིས་གཡུང་དྲུང་གླིང་ལ་གཟིགས།