86088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་མདུད་ཤེས་རབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཡེ་ཤེས་རྒྱལ་མཚན་དེ་མ་ཐག་པའི་སྐྱེ་བ་རབ་བྱུང་བརྒྱད་པའི་ས་ཡོས་ལོར་སྐུ་འཁྲུངས། ཀཿཐོག་ཏུ་ཕེབས་ནས་དྲུང་ནམ་མཁའ་སེངྒེ་དང༌། དཔལ་འབར་ནམ་མཁའ་རྒྱལ་མཚན། བྱང་སེམས་ཆོས་རྗེ་སོགས་ལས་མདོ་སྔགས་སྤྱི་དང་ཀཿཐོག་སྔ་རབས་པའི་ཕྱག་སྲོལ་བཀའ་མ་མདོ་སྒྱུ་སེམས་གསུམ་དང་གཏེར་མ་བླ་རྫོགས་ཐུགས་གསུམ་གྱི་སྨིན་གྲོལ་ཆོས་ཀྱི་བདུད་རྩི་རྫོགས་པར་གསོལ། ཐོས་བསམ་སྒོམ་པའི་རྩལ་རྫོགས། མཁས་དང་གྲུབ་པའི་རྣམ་ཐར་ཚད་མེད་པས་སྙན་གྲགས་ཕྱོགས་ཀུན་ཁྱབ། རབ་བརྒྱད་ལྕགས་ཕག་ལོར་ཉག་ལྕགས་མདུད་དགོན་དུ་ཕེབས་ནས་བསྟན་པའི་ཉམས་གསོ་མཛད། ཛཾ་ཐང་རྒྱལ་བ་སེངྒེ་ཞེས་རྒྱ་ནག་གོང་མའི་ཏི་ཤྲིར་བཀུར་པ་དེའང་ལྕགས་མདུད་ཤེར་རྒྱལ་གྱི་ཞལ་སློབ་ཡིན་པར་གསུངས། བུ་རོང་བཞག་གསུམ་དུ་འགྲོ་དོན་དང་ཕྲིན་ལས་ཤིན་ཏུ་རྒྱས་པས་ད་ལྟའི་བར་དུ་ཀཿཐོག་སྔ་རབས་པའི་བཀའ་སྲོལ་མི་ཉམས་པ་བཞུགས་པ་ནི་རྗེ་འདིའི་བཀའ་དྲིན་ཁོ་ན་ཡིན་པར་གྲགས།