86106
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་མཚོའི་ཕྱིའི་ལྕགས་རི་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་དུ་ཁམས་ཐ་མ་སྡུད་ཅིང་འབྱེད་པའི་རླུང་གིས་ཁོལ་བུར་དཀྲུགས་པས་ལུས་འཕགས་ཀྱི་གླིང་ལ་སོགས་པ་རྣམས་འཆགས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་མཐའ་ནས་ཀུན་ཏུ་བསྐོར་བས་གླིང་གི་ཕྱི་རོལ་ན་ནི་ཁོར་ཡུག་ལྕགས་རི་ཕྱིའི་མཐའ་སྐོར་དུ་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ་གླིང་བཞི་ཁོར་ཡུག་ཏུ་བསྐོར་ལྕགས་ཀྱི་རང་བཞིན་ཡིན་ཞེས་ཆོས་མངོན་པ་ལས་བཤད། |
| Domain | ཆོས་ལུགས། |