86124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་སེང་གེ་དགོན་ (1)
Part of speech མིང་ཚིག
Definition གནས་ཆེན་ཁ་བ་དཀར་པོའི་ཞལ་ལྷ། གནས་བདག་རྡོ་རྗེ་ཕག་མོའི་ལྟེ་བར། གྲུབ་ཐོབ་སངས་རྒྱས་རྡོ་རྗེའི་གདན་ས། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྕགས་སེང་གི་དགོན་ནི། སྔར་རྒྱལ་བ་ཀཿཐོག་པའི་བླ་མ་ཞིང་སྐྱོང་རིན་པོ་ཆེ་ལ། རྡོ་རྗེ་ཕག་མོའི་ལུང་བྱང་ལྟར་གདན་ས་འདིར་ཕེབས་ཏེ། གནས་འདིར་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་ཆོག་ལ་བརྟེན་ནས་ཚོགས་བསགས་རྒྱ་ཆེན་དགོས་རྒྱུ་བཀའ་ཕེབས་དང་བཀའ་ལུང་ཞི་ཁྲོ་དབང་བཅས་ཚུལ་ལྟར་གནང་སྟེ། ཀཿཐོག་པའི་པར་མ་ཞི་ཁྲོ་མ་དཔེར་བཅས་གནང་ཕྱིན་ཆད། བོད་ཟླ་བདུན་པའི་ ༡༣ ནས་བཅོ་ལྔ་བར་གསུང་རྒྱུ་སྲོལ་རྒྱུན་ཆགས། སླར་ཀཿཐོག་རྒྱལ་སྲས་སྐུ་རབས་རིམ་བྱོན་རྣམས་ཀྱང་། དུས་སུ་ཞི་ཁྲོ་ཚོགས་པ་ལ་རྒྱབ་སྐྱོར་དང་། ཕྱག་ལེན་དག་བཅོས་མཛད། བན་རྒན་བསྟན་པ་དང་། ཕྲིན་ལས། མགོན་པོ། བློ་བཟང་མཐའ་འདུལ་སོགས་བཀའ་ལྟར་ཞི་ཁྲོ་ཚོགས་རྒྱུ་ལོ་ལྟར་མཛད། ཕྱིས་རིག་གནས་གསར་བརྗེའི་རྗེས་སུ་རྒྱལ་བསྟན་སླར་ཡང་དར་པའི་དུས། ཕྱི་ལོ་ ༡༩༨༡ ལྕགས་བྱ་བདུན་པའི་ཚེས་ ༡༣ ནས་བཅོ་ལྔ་བར་སྔར་སྲོལ་སླར་གསོ་བྱས།