86143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་སྟག་ཞིབ་གཞུང་ (1)
Part of speech མིང་ཚིག
Definition འཛིན་སྐྱོང་། དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་ཁྲལ་སྒྲུབ་ཕྱོགས་ཀྱི་ཡིག་ཚགས་ཅིག་ཡིན། བོད་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྟག་ཕྱི་ལོ་༡༨༣༠ལོར་གཏན་འབེབས་གནང་ཞིང་། དུས་ཚོད་ཀྱི་སྒོ་ནས་ལྕགས་སྟག་ཞིབ་གཞུང་ཞེས་འཁོད་ཡོད། དབུས་གཙང་ས་ཁུལ་གྱི་གཞུང་སྒེར་ཆོས་གསུམ་གྱི་རྐང་འགྲོ་ལག་འདོན་འཁྲི་སྒྲུབ་བྱེད་ཕྱོགས་སྐོར་ཡིག་ཆ་གཏན་འབེབས་གནང༌ཡོད་པ་དང་། སྔ་དུས་སྒེར་ཆོས་ཕལ་ཆེར་རྐང་རྐྱང་འདུར་སྒྲུབ་དང༌། སྡེ་དཔོན་དྲག་བཙན་རེ་གཉིས་ལ་འདོན་སྒྲིལ་དང་ཆག་ཡང་འགའ་རེ་གནང་བས་ངོས་མི་སྙོམ་པ་ཆེར་ཡོད་སྟབས། གཞུང་ཁོངས་ནས་སྒེར་ཆོས་ཁག་ལ་ཕྱིར་ཆོད་མང་ཁར། གཅིག་ལ་གཉིས་འགྲན་གྱི་འདོན་ལ་འདོན་བསྒྲིལ་དང༌། ཁྲལ་ཆག་སོགས་ཞུ་མི་མང་བར་བརྟེན། བོད་འབངས་བདེ་ཐབས་སུ་དགོངས་པའི་མེ་འབྲུག་ལོར་མངའ་འབངས་ཚང་མར་ཞིབ་དཔྱོད་ཀྱིས་འདོན་བསྒྲིལ་ཁྲལ་ཆག་སོགས་ལ་སྙོམ་མཐར་རྒྱས་དཔྱད་གནང་འདུག་རུང༌། འགའ་ཞིག་ནས་བཀའ་གཏན་དགོངས་དོན་སོགས་ལ་བསྙད་པའི་འཁྲི་སྒྲུབ་བྱས་མིན་དང༌། ཐབས་རྣམ་ཞུ་ནན་སོགས་ལ་བརྟེན། རྗེས་གནོན་མཐར་སྐྱེལ་མཛད་བདེར་མ་གྱུར་པའི་སླར་ཡང་ལམ་ངན་ཇེ་འཕེལ་གྱི་ཁྲལ་གྱོང་ཚང་མ་གཞུང་རྒྱུགས་དང༌། སྒེར་ཆོས་འཁོས་དམན་བྱིངས་ལ་གལ་པའི་ཉམས་གུད་འཐོར་རྐྱེན་ཅི་ཆེ་དང༌། གཞུང་འབབ་རིམ་ཆག་གིས་གཞུང་ཕྱག་མཛོད་ཡས་མས། ཞོལ་པ། རྩམ་ལེན། རྩྭ་གཉེར། ཤིང་གཉེར་སོགས་ལས་ཁུངས་ཁག་ཀྱང་ཁུ་འདུས་མིན་གྱིས་མཆོད་རྒྱུན་གལ་ཆེ་རྣམས་ཀྱང་ཉམས་ཆག་ཏུ་གྱུར་ཉེའི་སྐབས་གཞུང་ནས་མངའ་འབངས་ཀྱི་སྐྱིད་སྡུག་སྙོམས་ཐབས་དང༌། ལས་ཁུངས་ཉམས་པ་སོར་ཆུད་ཡོང་ཆེད་དུ་བཟོས་པ་ཞིག་ཡིན།