86163
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྕང་རིས་རི་ཁྲོད་གནས་ཡུལ་ནི། འབྲི་ཟླ་ཟལ་མོ་སྒང་གི་ཆར་འཛི་བ་ལུང་པ་ཞེས་པའི་སྟོད་དེར་ཆགས་ཡོད། དགོན་དེར་ཐོག་མར་ཕྱག་འདེབས་པ་པོ་ནི། འཛི་རྒྱལ་མོ་རི་ཁྲོད་ཀྱི་བླ་མ་ཞིག་ཡིན་ཅིང་། དེ་རྗེས་བླ་མ་ངང་དགེས་གཟིགས་སྐྱོང་མཛད། སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་མཚོན་སྟེ་གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་དང་ཟབ་ཆོས་ཀློང་ཆེན་སྙིང་ཐིག་གི་བསྟན་པ་རྒྱས་པར་བྱས། རིག་གསར་གྱི་སྐབས་རྨང་མེད་དུ་བྱས། སླར་ཡང་ཕྱི་ལོ་ ༢༠༠༤ ལོར་བླ་མ་རིན་པོ་ཆེ་ཐར་བས་སྒྲུབ་གྲྭ་བཞེངས་ནས་བཙུན་མ་རྣམས་ལ་རཏྣའི་སྐུ་གསུམ་སྒྲུབ་པ་བཙུགས། |