86164
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་དཀྱིལ་དུ་འབྲི་གུང་དུ་འཁྲུངས། གཞོན་དུས་ནས་དབུས་སུ་ཕེབས་ཏེ། འབྲས་སྤུངས་བློ་གསལ་གླིང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔར་མཁས་པར་སྦྱངས། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་སྟོད་དུ་གསང་ཆེན་ཆོས་ཀྱི་ཆོ་ག་དང་། དེའི་ཕྱག་ལེན་བཅས་ལ་སྦྱངས། རྒྱུད་པའི་བླ་མ་དབུ་མཛད་དང་མཁན་ཁྲི་རིམ་གྱིས་བསྐྱངས། གསང་སྔགས་ཆོས་ཀྱི་འཆད་ཉན་ལེགས་པར་སྤེལ། རབ་བྱུང་བཅོ་ལྔ་པའི་ས་བྱ་ཕྱི་ལོ་ ༡༩༠༩ ལོར་དགའ་ལྡན་བྱང་རྩེའི་ཁྲི་པའི་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻཌཱུརྱ་དཀར་པོའི་དཔར་ཤིང་ལ་ཞུས་དག་མཛད། དགའ་ལྡན་གསེར་ཁྲིར་ལོ་དྲུག་རིང་བཞུགས། སྒོམ་སྒྲུབ་ཉམས་ལེན་ལ་བརྩོན་མུར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་གྱ་བརྒྱད་པ་ཡིན། གསུང་རྩོམ་ནི་བླ་མཆོད་ཁྲིད་ཡིག་མན་ངག་གཏེར་མཛོད་དང་། ལོ་གྱོན་རིལ་བུའི་སྦྱར་ཐབས་དང་ལས་ཚོགས་རིལ་སྒྲུབ་དང་ཀེག་རྩིས་རབ་གནས་བཤད་པ། བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཉུང་ངུའི་ཚིག་གི་གོ་བདེར་བཀྲལ་བ་བློ་རྨོངས་གསལ་སྒྲོན་བཅས་པོད་གཅིག་བཞུགས། |