86179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་གྲགས་པ་འོད་ཟེར་ (1)
Part of speech མིང་ཚིག
Definition མདོ་སྨད་ལྕང་སྐྱའི་ཡུལ་དུ་འཁྲུངས། འཁྲུངས་ལོ་མི་གསལ། གཞོན་དུས་ནས་དགོན་ལུང་བྱམས་པ་གླིང་དུ་རབ་ཏུ་བྱུང་སྟེ། སུམ་པ་དམ་ཆོས་རྒྱ་མཚོ་ལས་མཚན་ཉིད་གཞུང་ལ་ཐུགས་བརྩོན་མཛད། དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། གཞུང་ཆེན་གཞན་བཞི་མཁས་པར་སྦྱངས། རབ་འབྱམས་སྨྲ་བའི་མཚན་བཏགས་བཞེས། མདོ་སྨད་དུ་ཕེབས་ནས་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ཕྱི་ལོ་ ༡༦༣༠ ལོར་དགོན་ལུང་བྱམས་པ་གླིང་གི་གདན་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། ཁྲི་ཟུར་རྗེས་ཐང་རིང་ཐར་བ་གླིང་དུ་མཚན་ཉིད་འཆད་ཉན་བཙུགས། སླར་དགོན་ལུང་བྱམས་པ་གླིང་དུ་མཚན་ཉིད་ཀྱི་བླ་མ་མཛད། དབང་རྗེས་གནང་ལུང་སོགས་དོན་གཉེར་ཅན་རྣམས་ལ་སྩལ། རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༦༤༡ ལོར་སྐུ་གཤེགས། ལྕང་སྐྱའི་སྐུ་ཕྲེང་དང་པོ་ཡིན། དགོན་ལུང་བྱམས་པ་གླིིང་གི་གདན་སའི་མཁན་རབས་དྲུག་པ་ཡིན།