86183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་ཆོས་ལྡན་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ལོར། མདོ་སྨད་ཙོང་ཁའི་ཕྱོགས་གཡི་དགེའི་རྟ་ཕྱུག་ཅེས་པར། ཡབ་ཁེ་བ་ཅང་ཨེ་ཧར་དང་ཡུམ་ལོ་བཟའ་ཐར་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གོང་མའི་ཡང་སྲིད་དུ་ངོས་བཟུང། དགུང་ལོ་དགུ་པར་དགོན་ལུང་དུ་གདན་དྲངས། ཉི་ཤུ་པར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་མཁས་པར་གྱུར། ལྔ་པ་ཆེན་མོ་ལས་བསྙེན་པར་རྫོགས། ཕྱི་ལོ་ ༡༦༨༧ ལོར་ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ་པེ་ཅིན་་དུ་ཕེབས་སྐབས་ཞབས་ཕྱིར་ཁྲིད། དེ་ནས་དགོན་ལུང་གི་ཁྲིར་ཕེབས། གོང་མ་ཁང་ཤི་ནས་གོ་ཤཱིའི་ཆོ་ལོ་དང་གསེར་ཐམ་མཚོ་བདུན་ལྷ་ཁང་དང་བཅས་ཕུལ་ཏེ་དབུ་བླར་བཀུར། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ཕྱི་ལོ་ ༡༧༡༤ ལོར་དགོངས་པ་རྫོགས། གསུང་རྩོམ་པོད་ལྔ་ཙམ་བཞུགས།