86188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་སྐུ་ཕྲེང་བཞི་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition མདོ་སྨད་རྭ་ལོ་ཐང་དུ། རབ་བྱུང་བཅུ་གསུམ་པའི་མེ་རྟ་ཕྱི་ལོ་༡༧༨༦ ལོར་འཁྲུངས། འབྲས་སྤུངས་སྒོ་མང་དུ་སློབ་གཉེར་གནང། རྭ་སྒྲེང་ཁྲི་ཆེན་བློ་བཟང་ཡེ་ཤེས་སོགས་ལས་ཆོས་བཀའ་ཅི་རིགས་གསན། རྒྱལ་དབང་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་རྣམ་གཉིས་གསེར་ཁྲིར་རིམ་ཕེབས་ལ། དབུས་སུ་ལན་གཉིས་ཕེབས། ཆུ་བཟང་དགོན་དུ་ཇོ་ཁང་གསར་དུ་བཞེངས། པེ་ཅིན་དང་སོག་ཡུལ་དུ་རྒྱུན་རིང་བཞུགས་ནས། རེ་གཅིག་པ་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་༡༨༤༦ ལོར་དགོངས་པ་རྫོགས།