86191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་ཧོ་ཐོག་ཐུ་ (1)
Part of speech མིང་ཚིག
Definition ལྕང་སྐྱ་སྐུ་ཕྲེང་གཉིས་པ་སྟེ་གྲགས་པ་འོད་གསལ་གྱི་སྤྲུལ་སྐུ་བློ་བཟང་ཆོས་ལྡན་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་འཁྲུངས། དབུས་སུ་ཕེབས་ནས་གོང་ས་སྐུ་ཕྲེང་ལྔ་པར་བསྟེན། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་ལོར་པེ་ཅིན་དུ་གདན་དྲངས། ཤིང་བྱ་ལོར་ཧོ་ཐོག་ཐུ་ཞེས་པའི་འཇའ་ས་ཐོབ་ནས་ནང་སོག་གི་བསྟན་བདག་མཛད། སྐུ་ཕྲེང་གསུམ་པ་ལྕང་སྐྱ་རོལ་པའི་རྡོ་རྗེ་རབ་བྱུང་བཅུ་གཉིས་པའི་མེ་བྱ་ལོར་འཁྲུངས། དགུང་ལོ་བརྒྱད་པར་གོང་མ་གཡུང་ཌིང་གིས་གདན་དྲངས། ཤིང་ཡོས་ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་སུ་གདན་འདྲེན་པར་ཕེབས། གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དང༌། དག་ཡིག་མཁས་པའི་འབྱུང་གནས། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་སོགས་བསྟན་བཅོས་མང་དུ་བརྩམས། ཆན་ལུང་རྒྱལ་པོས་གོང་མའི་དབང་ཞུ་ཡུལ་གྱི་ཏཱ་གོ་ཤྲཱི་ཞེས་གོང་མའི་དབུ་བླར་མངའ་གསོལ། དེ་རྗེས་སྐུ་ཕྲེང་བཞི་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་ཆིང་རྒྱལ་རབས་ཀྱི་མཇུག་གི་བར་ཁྱོན་སྐུ་ཕྲེང་དྲུག་བྱུང༌།