86196

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕམ་དྲལ་ (1)
Part of speech མིང་ཚིག
Definition སྲིང་མོ་དང་མིང་པོ་གཉིས་ཞེས་པའི་དོན།
Example ལྕམ་དྲལ་གཉིས་ཀྱི་མཛའ་བརྩེ་ཤིན་ཏུ་ཟབ་ཅེས་པ་ལྟ་བུ།
ལྕམ་དྲལ་ (2)
Part of speech མིང་ཚིག
Definition སྨན་པས་ལག་རྩ་ལ་ལྟ་སྐབས་རྩ་ཉིས་གཤིབ་ཏུ་འཕར་ཚུལ་ཞིག་གི་མིང་།
Example གཉན་གྱི་རྩ་ནི་འཁྱིག་ཅིང་ལྕམ་དྲལ་བྱེད་ཅེས་པ་ལྟ་བུ།
ལྕམ་དྲལ་ (3)
Part of speech མིང་ཚིག
Definition ཁང་པའི་གདུང་མའི་ཀླད་འགེབ་བྱེད་ཀྱི་ཤིང་ཆ་ལྕམ་དང་དྲལ་མའི་མིང་སྟེ།
Example སྔར་བོད་ཀྱི་ཁང་པ་བཟོ་སྐབས་ལྕམ་དྲལ་དང་གདུང་མ་ཀ་བ་ལ་སོགས་པ་ཚང་མ་ཤིང་གིས་བཟོ་བཞིན་ཡོད་ལྟ་བུ།