86208
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་སི་ཏུ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སློབ་གཙོ་བོ་ཡིན། མདོ་སྔགས་རིག་གནས་དང་བཅས་པ་ལ་ཚད་མེད་པའི་མཁྱེན་རབ་དང་རྟོགས་པའི་རྣལ་འབྱོར་གདིང་གདེང་དང་ལྡན་པས་ལུགས་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་ཉིན་བྱེད་ལྟ་བུར་བྱོན། ཀཿཐོག་པའི་ཁྲི་འཛིན་ཡང་ལོ་ཁ་ཤས་མཛད། སྐུ་ཚེ་སྨད་ལ་སྒྲུབ་པ་ཁོ་ནས་བཅད་རྒྱར་བཞུགས། དགེ་རྩེ་ཚེ་དབང་རིག་འཛིན་རྒྱ་མཚོ་དང༌། ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ། མི་ཕམ་ཕྱོག་ལས་རྣམ་རྒྱལ། ཁ་སར་གཏེར་སྟོན། མཁན་རྒན་རིག་འཛིན་རྒྱ་མཚོ་སོགས་ཀྱང་རྗེའི་འདིའི་ཞབས་ལ་གཏུགས་པ་ཡིན་ནོ། ། |