From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྕི་གསང་རྫོང་མགོ་ (1)
| Part of speech
|
མིང་ཚིག
|
| Definition
|
ནང་ཆེན་རྒྱལ་པོ་གོ་ཤྲཱི་ཀརྨ་རབ་བརྟན་གྱི་སྐུ་དུས་སུ། སྨར་ཁམས་ནས། བེ་རུ་སྨད་མའི་བུ་བེ་རུ་དོན་ཡོད་དུ་གྲགས་པ་དང༌། བོན་རྙིང་མའི་བླ་མ་སྣང་ཞིག་ཟླ་བ་རྒྱལ་མཚན་ཞེས་པ་གཉིས་མཆོད་ཡོན་ཟུང་འབྲེལ་བྱས་ནས་ནང་བསྡེབས་ཏེ་ཆབ་མདོ། བྲག་ཡབ། སྡེ་དགེ་སོགས་མདོ་ཁམས་ཀྱི་ཡུལ་ལྗོངས་ཕལ་ཆེར་རྡོ་སྒྱོགས་ཀྱི་འཕྲུལ་འཁོར་བཅས་ནས་མངའ་འོག་ཏུ་བཙུད་པ་དང་ཡུལ་ནས་བཏོན། སྣང་ཞིག་བོན་པོའི་ངག་ལ་ཉན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། དགོས་སུ་དགེ་ལྡན་པར་སྡང་ཚབ་ཆེ་བར་བྱས་ཤིང༌། བླ་དགེ་སུམ་བརྒྱ་ཟིན་པ་ཙམ་བཀྲོངས། དེ་ཡི་དུས་སུ་སྐུ་འབུམ་དགོན་དུ་བེ་རུའི་དམག་སླེབས། ཡུན་རིང་འཁྲུགས་ཤིང་མཐའ་མ་འཁྱོལ་བས་ས་བཙན་བཟུང་དགོས་བྱུང་སྐབས། སྔོན་གྱི་དུས་བླ་མ་འབའ་རོམ་པའི་ཡོན་བདག་ཙི་ཀླུང་མཁར་བ་ལ་བེ་རུའི་མི་ལོག་བྱུང་སྐབས། ཏི་ཤྲཱི་རས་པ་འཁྲུགས་པ་བཟླུམ་ལ་བྱོན་ནས་འཁྲུགས་པ་ཟླུམ། དེར་མ་འོངས་པ་ན་སྐོར་ཞིག་བེ་རུ་སླེབས་ཡོང་བས་ད་ལྟ་བཞིན་འཐབས་པས་མི་ཐུབ་པས་ཆུ་གསུམ་འདུས་པའི་མདོ་རུ་བྲོས། ཞེས་ལུང་བསྟན་པ་བཞིན་ལྕི་གསང་རྫོང་མགོར་སྒར་བཏབ། འདི་ནི་ནང་ཆེན་གྱི་རྒྱལ་ས་གཉིས་པ་ཡིན། ཆགས་གནས། ལྕི་ཆུ་ཤང་གསང་གཞུངས་རུ་ཆེན་མངའ་ཁོངས་སུ་ཡོད་པ་ཡིན།
|
ལྕི་གསང་རྫོང་མགོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
དངོས་རྫས་ཀྱི་འདེགས་ཚད་སྟོན་པ་སྟེ།
|
| Example
|
ཁལ་ལྕི་བའི་རྟ་གཡག་ཆད་ལྟ་བུ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། ལྕི་ཡང་གི་དོན་ཡོད་དེ། ཞོ་སྲང་སོགས་ལ་གཞལ་རྒྱུ་ཡོད་པ་ལྕི་བ་དང་། དེ་མེད་པ་ཡང་བར་འཇོག་པའི་ཕྱིར། ཞེས་གསུངས།
|