86220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕི་བའི་ཆོས་བཅུ་དྲུག་ (1)
Part of speech མིང་ཚིག
Definition ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བའི་སྒྲོན་མེ་ལས་བྱུང་བ་སྟེ། དང་པོ་ལོག་པའི་ལྕི་བ་བཞི་ནི། ༡ མཁས་པའི་གོང་ལྕི་བ། ༢ དགེ་སློང་གི་ཕྱག་ལྕི་བ། ༣ སྒྲུབ་པ་པོའི་ཟས་ལྕི་བ། ༣ སྔགས་པའི་རྫས་རྣམས་ཀྱི་ལྕི་བའོ། །གཉིས་པ་ཉམས་པའི་ལྕི་བ་བཞི་ནི། ༡ མི་ཆོས་ཀྱི་མནའ་ཟོས་པ་ལྕི་བ། ༢ ཉན་ཐོས་ཀྱི་ཁྲིམས་ཉམས་པའི་ལྕི་བ། ༣ བྱང་སེམས་ཀྱི་བསླབ་བྱ་ཉམས་པ་ལྕི་བ། ༤ གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལྕི་བའོ། །གསུམ་པ་སྨད་པའི་ལྕི་བ་བཞི་ནི། ༡ གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ་ལྕི་བ། ༢ ང་རྒྱལ་གི་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ། ༣ ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨད་པ་ལྕི་བ། ༤ ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་སྒྲུབ་བགྱིས་པ་རྣམས་ལྕི་བའོ། །བཞི་སྐུར་པའི་ལྕི་བ་བཞི་ནི། ༡ མི་དགེ་བ་བཅུའི་ནང་ནས་ལོག་ལྟ་ལྕི་བ། ༢ མཚམས་མེད་པ་ལྔའི་ནང་ནས་ཁྲག་འབྱིན་པ་ལྕི་བ། ༣ མཉམ་པའི་ཆོས་ལ་ཁྱད་དུ་གསོད་པ་ལྕི་བ། ༤ རང་བཞིན་མེད་པ་ལ་གལ་འཛུག་པ་རྣམས་ལྕི་བའོ། །
Domain ཆོས་ལུགས།