86221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕི་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་རྣམས་ལས་བསྙེན་པར་རྫོགས་པ་གསོལ་བ་དང། ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་བཙལ་བ་དང། དགེ་སློང་མེད་པའི་གནས་སུ་དབྱར་གནས་པ་ཁས་མི་བླངས་པ་དང། དགེ་སློང་ལ་ཚུལ་ཁྲིམས་ཉམས་པས་མི་གླེང་བ་དང། དགེ་སློང་ལ་ཇི་ལྟར་ཡང་མི་སྤྱོ་བ་དང། དགེ་སློང་གསར་བུ་ལ་ཕྱག་བྱ་བ་དང། གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་དང། གཉིས་ཀའི་དགེ་འདུན་ལས་དགག་དབྱེ་བྱ་བ་སྟེ་བརྒྱད་དོ། །མ་རྣམས་ལས་དགེ་སློང་གི་དགེ་འདུན་ལ་གསོ་སྦྱོང་མི་བྱེད་པ་ཡང་ལྕི་བའི་ཆོས་འདས་སུ་བཤད་མོད། སྔ་མ་དགག་དབྱེ་མི་བྱེད་པའི་ནང་དུ་འདུས་པའམ། དགེ་འདུན་ལས་མཐུན་པ་ཐོབ་པ་ཙམ་གྱིས་ཉེས་པ་དེ་ཁེགས་པས་འདིར་མ་བགྲངས་སོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་འདུལ་བ་མདོའི་དཀའ་གནས་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། ཆོས་བརྒྱད་ནི། དགེ་སློང་ཕའི་དགེ་འདུན་ལས་བསྙེན་པར་རྫོགས་པ་དེ་ལ་ཟླ་བ་ཕྱེད་ཕྱེད་ནས་གདམས་ངག་ཞུ་བ། དགེ་སློང་གི་དགེ་འདུན་ཡོད་པའི་ཕྱོགས་སུ་དབྱར་ཁས་ལེན་པ། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱེད་པ། ལྕི་བའི་ཆོས་ལས་འདས་ན་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱོད་པ། དགེ་སློང་ལ་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་སྒོ་ནས་སྐུར་འདེབས་མི་བྱ་བ། ཅོ་འདྲི་བ་ལ་སོགས་པའི་མ་གུས་པའི་ལས་མི་བྱ་བ། དགེ་སློང་གསར་བུ་ལའང་གུས་པས་ཕྱག་བྱ་བ་དང་རྣམ་པ་བརྒྱད་པོ་དེའོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།