86258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕུམ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྩྭ་ལྡུམ་མཐོ་ཞིང་ཆེ་བ་ཞིག་ཡིན། རྩ་བ་སེར་པོ་སྦོམ་ལ་རྒྱས་པར་རྩྭ་ཕྲན་གྱེས་ཤིང་ཕྱི་པགས་རྫ་མདོག་གིས་བཏུམ་པ་དང་། སྡོང་པོ་ལྗང་སེར་སྦོམ་པ་ཁོག་སྟོང་དང་བར་མཚམས་སུ་ཚིགས་པ་ཅན་གྱི་སྟོད་དུ་ཡལ་ག་གྱེས་པ་རྒས་ཚེ་དམར་སྨུག་ཏུ་གྱུར་པ། རྩ་བ་ནས་སྐྱེས་པའི་ལོ་མར་ངར་བ་རིང་པོ་ཡོད་ཅིང་ངར་བ་སྦོམ་ལ་ཤ་ལྟ་བུ་ཡིན། ལོ་འདབ་སྒོང་དབྱིབས་ཞེང་ཆེ་ཅན་ཟླུམ་གོར་ལྟ་བུ། སྦལ་ལག་ལྟ་བུའི་ཐོག་ཏུ་ཉག་ཁ་གསུམ་ནས་བདུན་བར་ཡོད་ཅིང་གྱེས་པའི་ལོ་འདབ་ཡང་བསྐྱར་བྱ་སྒྲོའི་དབྱིབས་ཅན་ཡིན། གྱེས་འདབ་ཆུང་བ་ནི། ལྕེའི་དབྱིབས་རིལ་གྲི་ལྟ་བུའི་ཐོག་ཏུ་ནུ་མ་ལྟ་བུའི་འབར་འབུར་ཐར་ཐོར་དུ་སྐྱེས་ཡོད། འོག་ཏུ་སྤུ་མཉེན་ཐར་ཐོར་དང་སྡོང་པོ་ལ་སྐྱེས་པའི་ལོ་མ་ཆུང་ཞིང་ཡ་སྡེབ་ཏུ་སྐྱེས་པ་དང་ངར་བ་ཐུང་ཐུང་ཡོད། མེ་ཏོག་དམར་སྐྱ་མདངས་མེད་པ་བརྩེགས་ལྡན་མེ་ཏོག་བང་རིམ་སྡོང་པོ་དང་ཡལ་གའི་ཚིགས་མཚམས་ནས་འཆར་བ་དང་། མེ་ཏོག་དམར་སྐྱ་མདངས་མེད་པ་བརྩེགས་ལྡན་མེ་ཏོག་གི་ཡུ་བ་ཕྲ་མོའི་དཀྱིལ་དང་སྨད་ལ་ཚིགས་ཡོད། མེ་ཏོག་གི་སྙིང་ཤུན་དྲུག་ཡོད་པ་དེ་རིམ་པ་གཉིས་སུ་ཆགས་ཤིང་མ་ལྷུང་བར་གནས་ཡོད། འབྲས་བུ་ལྗང་དམར་ཟུར་གསུམ་ཡོད་པའི་མཐའ་སྲབ་པའོ། །