86260
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་པོ་སྦོམ་ལ་རྒྱས་པར་རྩྭ་ཕྲན་གྱེས་ཤིང་ཕྱི་པགས་རྫ་མདོག་གིས་བཏུམ་པ་དང་། ལོ་མ་ལྗང་ནག་ཤིན་ཏུ་ཆེ་བའི་མཐར་ཉག་ཆེན་ཡོད་ལ་རྩ་རིས་འབུར་དུ་དོད་པ་ངར་བ་ལྗང་རིལ་ལ་དམར་མདངས་ཡོད་པ་རིང་ཚད་ཁྲུ་གང་ཙམ་དྲང་པོར་སྐྱེ་ཞིང་སྤྱིའི་དབྱིབས་རྔ་ཡབ་ལྟར་ཁ་ཤས་མཉམ་དུ་སྐྱེ། སྡོང་པོ་ལྗང་སེར་སྦོམ་པ་ཁོང་སྟོང་ལ་བར་མཚམས་སུ་ཚིགས་པ་ཅན་གྱི་སྟོད་དུ་ཡལ་ག་གྱེས་པ། རྒས་ཚེ་དམར་སྨུག་ཏུ་གྱུར་པ། མེ་ཏོག་དམར་སྐྱ་མདངས་མེད་པ་བརྩེགས་ལྡན་མེ་ཏོག་བང་རིམ་སྡོང་པོ་དང་ཡལ་གའི་ཚིགས་མཚམས་ནས་འཆར་བ། འབྲས་བུ་ལྗང་དམར་ཟུར་གསུམ་ཡོད་པའི་མཐའ་སྲབ་པ། རོ་སྐྱུར། ཞུ་རྗེས་སྙོམས། ནུས་པས་ཟས་མ་ཞུ་བ་དང༌། ཕོ་བ་སྦོས་པ་ལ་ཕན། |