From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྕེ་ (1)
| Part of speech
|
མིང་ཚིག
|
| Definition
|
ཁ་ནང་གི་མཉེན་ཞིང་མྱུར་བའི་ཆ་ཤས་ཟས་ཀྱི་བྲོ་བ་མྱོང་བ་དང་གཡོ་འགུལ་ལ་བརྟེན་ནས་སྐད་ཆ་བཤད་རྒྱུར་མཁོ་བའི་ཤ་ལྷེབ་མོ།
|
| Keyword
|
True
|
| Example
|
ལྕེ་དབང་ལ་བརྟེན་ནས་ཟས་ཀྱི་བྲོ་བ་ཡག་ཉེས་འབྱེད་ཅེས་པ་ལྟ་བུ།
|
ལྕེ་ (2)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་རུས་རྒྱུད་ཅིག་གི་མིང་སྟེ། མཁས་པའི་དགའ་སྟོན་ལས། ཉང་རོ་གྲོམ་པ་འབྲེ་དང་ལྕེ་ཡི་ཡུལ་ཞེས་གསུངས།
|
| Example
|
ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་པ་ལྟ་བུ།
|
ལྕེ་ (3)
| Part of speech
|
མིང་ཚིག
|
| Definition
|
གནམ་ལྕགས་སམ་ལྕེ་འབབ་བམ་ཐོག་གི་མིང་སྟེ། བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ་ལས། ལྕེ་ནི་གནམ་ལྕགས་ལྕེ་འབབ་ཐོག་ཅེས་གསུངས།
|
| Type
|
བརྡ་རྙིང་།
|