86284

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕེ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་སེམས་ཅན་གྱི་སྤྱོད་པ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ། ཆོས་ཀྱི་ཚུལ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ། སངས་རྒྱས་ཀྱི་ཡོན་ཏན་དང་བསྔགས་པ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ། ངེས་པའི་ཚིག་དང་། སྤོབས་པ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ། ཐེག་པ་ཆེན་པོའི་ཚོགས་མི་ཟད་པ་སྟོན་པའི་ལྕེ། དེའི་ལྕེ་དེ་ཕྱོགས་བཅུའི་ནམ་མཁའ་རྒྱས་པར་འགེངས་པ། དེའི་ལྕེ་དེ་སེམས་ཅན་ཐམས་ཅད་ལ་ཡང་དག་པར་གཞོལ་བ། དེའི་ལྕེ་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འོད་ཀྱིས་སྣང་བར་བྱེད་པ། དེའི་ལྕེ་དེ་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ། དེའི་ལྕེ་དེ་བདུད་དང་། རྒོལ་བ་དང་། ཉོན་མོངས་པ་དང་། འཁོར་བ་ཐམས་ཅད་འཇིག་ཅིང་མྱ་ངན་ལས་འདས་པའི་ལམ་སྟོན་པའོ། །
Domain ཆོས་ལུགས།