86288
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་པའི་དུས་མཇུག་ཏུ་གཙང་ཕྱོགས་སུ་ཡབ་ལྕེ་གཡུ་འབུམ་གྱི་སྲས་སུ་འཁྲུངས། མཁས་པ་མི་བཅུའི་ནང་ཚན་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་མནོས། འདུལ་གཞུང་སོགས་མང་དུ་ཞུས། རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༡༠༢༧ ལོར་ཞུ་ལུ་གསེར་ཁང་ཁྲ་མོ་བཞེངས། དགེ་འདུན་གྱི་ཚོགས་བསྐྱངས། འདུལ་བསྟན་སྤེལ། རྒྱ་གར་རྡོ་རྗེ་གདན་དུ་མཁན་པོ་ཨབྷྱ་ཀ་ར་ལས་བསྙེན་རྫོགས་བསྐྱར་བཞེས་མཛད། ཞ་ལུར་བྱོན་ནས་་གསེར་ཁང་ཁྲ་མོའི་ནང་རྟེན་བཞེངས།ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེན་འདུལ་འཛིན་གྱི་སློབ་མ་ཞིག་ཡིན། |