86310
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༠༩༤ ལོར་སྐྱི་མཁར་ལྷ་ཁང་དུ་ཡབ་རྒྱལ་གསུམ་གྱི་སྲས་སུ་འཁྲུངས། དགུང་ལོ་ཉེར་གཅིག་པར་མྱང་སྟོད་མཚན་ཉིད་ཀྱི་གྲྭ་སར་ཕེབས། ཁྱུང་པོ་གྲགས་སེ་དང་། འབན་ཐམས་ཅད་མཁྱེན་པ། སྟག་པ་ཁ་ཆེ་གསུམ་ལས་ཕར་ཕྱིན་དང་། མངོན་པ། དབུ་ཚད་བཅས་རིམ་བཞིན་གསན། མགར་བསོད་ནམས་ཡེ་ཤེས་ལས་ཀྱང་ཆོས་མང་དུ་ཞུས། མཚན་ཉིད་ཀྱི་གཞུང་ལོ་དགུར་གསན། སྒོ་ཕུག་པ་ཤཱཀྱ་སེང་གེ་ལས་ལོ་ངོ་བཅུ་གཅིག་རིང་སྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་ཐམས་ཅད་ཞུས། ལྷག་ཏུ་གདམས་ངག་ཟབ་མོ་དང་ཆ་ལག་གི་ཡིག་ཆུང་ཕྲ་མོ་དང་བཅས་པ་ཞུས། མྱང་སྟོད་ཀྱི་རྒྱ་རྩད་སྐོར་པ་ལས་བདུད་རྩི་དང་། མྱང་སྨད་ཀྱི་སྒྲོ་དར་མ་སེང་གེ་ལས་རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞག་གི་ལུགས། དམ་པ་སྤོར་མང་ལས་རྫོགས་པ་ཆེན་པོ་སྤོར་ལུགས། ཇོ་མོ་མྱང་མོ་ལས་སློབ་དཔོན་ཨ་རོའི་ཐུགས་ཀྱི་ཡང་བཅུད་རྫོགས་ཆེན་ཁམས་ལུགས་ཀྱི་ཁྲིད་རྣམས་ཞུས། སྔགས་མཚན་ཉིད་རྒྱུད་ཀྱི་སྒྲུབ་ཐབས་དང་། གཞུང་གདམས་ངག་དང་བཅས་པ་ཀུན་གྱི་བདག་པོར་གྱུར། ང་དྲུག་པ་རབ་བྱུང་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༡༤༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་དབུས་པ་སྟོན་ཤཱཀ་དང་། དབུས་པ་ཞིག་པོ། བླ་ཆེན་ཡོན་ཏན་གཟུངས་བཅས་ཡིན། ལྷ་རྗེ་སྒྲོ་ཕུག་པའི་ཐུགས་སྲས་ནག་པོའི་བཞིའི་གཅིག་ཡིན། |