86316
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན། ནང་དོན་བེམ་པོ་གང་ཞིག་ལྕེའི་དབང་ཤེས་ཀྱི་བདག་རྐྱེན་དུ་རུང་བ། ལྕེས་ཡུལ་ལ་འཇུག་དུས་ཀྱི་ལྕེ་དབང་ལྟ་བུ་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་དང༌། ལྕེས་ཡུལ་ལ་མི་འཇུག་དུས་ཀྱི་ལྕེ་དབང་ལྟ་བུ་དེ་མཚུངས་ཀྱི་དབང་པོ་གཟུགས་ཅན་ཏེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (ལྕེའི་དབང་པོ་གཟུགས་ཅན་གྱི་མཚན་ཉིད། ནང་དོན་བེམ་པོ་)གང་ཞིག །ལྕེའི་(དབང་ཤེས་ཀྱི་བདག་རྐྱེན།) དབྱེ་ན། (ལྕེས་ཡུལ་ལ་འཇུག་དུས་ཀྱི་ལྕེ་དབང་ལྟ་བུ་རྟེན་བཅས་ཀྱི་ལྕེ་དབང་གཟུགས་ཅན་དང༌། ལྕེས་ཡུལ་ལ་མི་འཇུག་དུས་ཀྱི་ལྕེ་དབང་ལྟ་བུ་དེ་མཚུངས་ཀྱི་ལྕེ་དབང་གཟུགས་ཅན་གཉིས།) ཞེས་གསུངས། |
| Domain | ཆོས་ལུགས། |