86437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་ (1)
Part of speech བྱ་ཚིག
Definition ཡུལ་གཟུགས་ལ་མིག་དབང་གཏད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བལྟ།, མིག་གིས་གཟུགས་ལ་བལྟ།]
Present [ལྟ།, ལྟ་བྱེད་ཀྱི་མིག་དབང་།]
Past [བལྟས།, གཟུགས་ལ་བལྟས།]
Imperative [ལྟོས།, གདོང་ལ་ལྟོས།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (2)
Part of speech བྱ་ཚིག
Definition དཔྱད་ཞིབ་བཏང་བའི་དོན།
Future [བལྟ།, དོན་དངོས་གང་ཡིན་བལྟ་རྒྱུ།]
Present [ལྟ།, བདེན་དོན་ལ་ལྟ་སྐབས་ཤེས་རབ་དགོས།]
Past [བལྟས།, ཡུལ་དུས་གནས་བབ་ལ་བལྟས་ནས་ཐག་བཅད།]
Imperative [ལྟོས།, རྒྱུ་ནོར་ལ་མ་ལྟ་གནས་ལུགས་ལ་ལྟོས་ལྟ་བུ།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (3)
Part of speech བྱ་ཚིག
Definition གཉེན་ཉེ་སོགས་ཀྱི་སྐྱིད་སྡུག་ཆེད་གཉེར་གཟིགས་སྐྱོང་གནང་བའི་དོན།
Future [བལྟ།, ནད་པ་ལ་བལྟ་དགོས།]
Present [ལྟ།, གནོད་ཐེབས་ཡུལ་གྲོང་ལ་ལྟ་བཞིན་པ།]
Past [བལྟས།, ནད་པ་ལ་བལྟས་པ་ཡིན།]
Imperative [ལྟོས།, ཕ་མ་རྒས་ཁོག་ལ་ལྟོས་ལྟ་བུ།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (4)
Part of speech བྱ་ཚིག
Definition རང་ཕྱོགས་སམ་རྒྱུ་དངོས་ཀྱི་ཆེད་དུ་ལས་ཀ་བྱས་པའི་དོན།
Future [བལྟ།, རྒྱུ་ངོ་དཔོན་ངོ་ལ་བལྟ་རྒྱུ་མེད།]
Present [ལྟ།, ལྐོག་དངུལ་ལ་ལྟ་མཁན་གྱི་འགག་སྲུང་པ་བསྐོས་མི་ཉན།]
Past [བལྟས།, རྒྱུ་ངོ་ལ་བལྟས་ནས་ཁྲིམས་སྲོལ་ཉམས།]
Imperative [ལྟོས།, གྲོགས་པོའི་ངོ་ལ་ལྟོས་ལྟ་བུ།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (5)
Part of speech བྱ་ཚིག
Definition བསམ་བློ་བཏང་བའི་དོན།
Future [བལྟ།, ད་དུང་ངས་བལྟ་དགོས།]
Present [ལྟ།, སང་ཉིན་ཡོང་ཐུབ་མིན་ལྟ་བཞིན་པ།]
Past [བལྟས།, ངས་བལྟས་ཚར།]
Imperative [ལྟོས།, རང་གིས་ལྟོས་ལྟ་བུ།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (6)
Part of speech བྱ་ཚིག
Definition དཔེ་ཆ་ཀློག་པའི་དོན།
Keyword True
Future [བལྟ།, དཔེ་ཆ་བལྟ་དགོས།]
Present [ལྟ།, དཔེ་ཆ་ལྟ་བཞིན་འདུག]
Past [བལྟས།, དཔེ་ཆ་བལྟས་ནས་ཆུ་ཚོད་གཅིག་ཡིན།]
Imperative [ལྟོས།, དཔེ་ཆ་ལྟོས་ལྟ་བུ།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (7)
Part of speech བྱ་ཚིག
Definition སློབ་སྦྱོང་བྱེད་པའི་དོན།
Future [བལྟ།, གྲྭ་པ་ཚོས་དགོན་པའི་ནང་དུ་དཔེ་ཆ་བལྟ་དགོས།]
Present [ལྟ།, གྲྭ་པ་ཚོས་དགོན་པའི་ནང་དུ་དཔེ་ཆ་ལྟ་བཞིན་འདུག]
Past [བལྟས།, གྲྭ་པ་ཚོས་དགོན་པའི་ནང་དུ་དཔེ་ཆ་བལྟས་ནས་ལོ་བཅུ་རེད།]
Imperative [ལྟོས།, གྲྭ་པ་ཚོས་དགོན་པའི་ནང་དུ་དཔེ་ཆ་ལྟོས་ལྟ་བུ།]

{{#arraymap:ལྟ་

|; |@@@ | | }}

ལྟ་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་བཅོ་བརྒྱད་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། འགྲོ་ལ་རྒྱུན་ཆད་མེད་པར་རྗེས་བརྩེ་བ། །ཛ་ཧྣུ་ཡི་བུ་མོའི་རྒྱུན་ལ་ལྟ། །ལྟ་བུ།
Domain རྩོམ་རིག

{{#arraymap:ལྟ་

|; |@@@ | | }}