86452
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞུང་འདིའི་བརྗོད་བྱ་དང་དེའི་གོ་རིམ་དང་ལེའུ་རྣམ་གྲངས་བཅས་ཇི་ལྟར་ཡིན་སྙམ་ན། གླེང་གཞི་བསྟན་པའི་ལེའུ་དང་པོ། གླེང་བསླང་བའི་ལེའུ་གཉིས་པ། འཁོར་ལ་དབང་བསྐུར་ཞིང་རྒྱུད་བཤད་པའི་ལེའུ་གསུམ་པ། རྒྱུད་རྒྱས་པར་བཤད་པ་གཉེན་པོ་ཡེ་ཤེས་ཀྱི་ལེའུ་ལྔ་པ། གསུང་གི་དཀྱིལ་འཁོར་ལྟ་བར་བསྟན་པའི་ལེའུ་དྲུག་པ། ལྷ་དང་དངོས་གྲུབ་སྒྲུབ་པའི་ལེའུ་བདུན་པ། ཞི་བ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་ལེའུ་བརྒྱད་པ། སྔགས་དང་སྙིང་པོའི་ལེའུ་དགུ་པ། སྔགས་དང་སྙིང་པོས་མངོན་དུ་བྱས་པའི་འབྲས་བུའི་ལེའུ་བཅུ་པ། སྤྱོད་ཡུལ་ལྷའི་དཀྱིལ་འཁོར་གྱི་ལེའུ་བཅུ་གཅིག་པ། ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་དང་དབང་གི་ལས་རིམ་ཇི་ལྟར་བྱ་བའི་ལེའུ་བཅུ་གཉིས་པ། དབང་བསྐུལ་གྱི་རིམ་པའི་ལེའུ་བཅུ་གསུམ་པ། འབྲས་བུ་ཐོབ་པའི་ལེའུ་བཅུ་བཞི་པ། རྟོགས་པ་ལྟ་བའི་གནས་ལུགས་ཀྱི་ལེའུ་བཅོ་ལྔ་པ། ལྟ་བ་དང་སྒོམ་སྒྲུབ་ཀྱི་ལེའུ་བཅུ་དྲུག་པ། གསང་བ་ནན་ཏན་མན་ངག་གི་ལེའུ་བཅུ་བདུན་པ། གདུལ་བྱ་ལ་སྐུ་ཁྲོས་པའི་རྟགས་ཀྱི་ལེའུ་བཅོ་བརྒྱད་པ། ཁྲོ་བོའི་དཀྱིལ་འཁོར་ལ་མཆོད་འབུལ་གྱི་ལེའུ་བཅུ་དགུ་པ། དམ་ཚིག་གི་ལེའུ་ཉི་ཤུ་པ། ཕྲིན་ལས་ཀྱི་ལེའུ་ཉེར་གཅིག་པ། ཁྲོ་བོའི་དཀྱིལ་འཁོར་གྱི་ལེའུ་ཉེར་གཉིས་པ། རང་བཞིན་གྱི་རྒྱུད་བཤད་པའི་ལེའུ་ཉེར་གསུམ་པ་བཅས་སོ། ། |