86486

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཀྱི་རྗེས་སུ་འབྲང་བའི་མཛོད་གནས་དང་པོ་ལས་བྱུང་བ་སྟེ། ལུང་དུ་མ་བསྟན་པ། ཉོན་མོངས་པ་ཅན། དགེ་བ་ཟག་པ་དང་བཅས་པ། སློབ་པ། མི་སློབ་པའོ། །
Domain ཆོས་ལུགས།
ལྟ་བ་རྣམ་པ་ལྔ་ (2)
Part of speech མིང་ཚིག
Definition འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོ་ལྔ་པོ་དེ་དག་སྐད་ཅིག་རེ་རེ་ལ་འཇིག་ཅིང་རྫས་དུ་མ་མང་པོ་བསགས་པའི་ཚོགས་ཡིན་ཏེ། བདག་དང་བདག་གི་དངོས་པོ་མེད་པ་ལ། བདག་དང་བདག་གི་དངོས་པོ་ཡོད་པ་རྟོག་པའོ། །མཐར་འཛིན་པའི་ལྟ་བ་ནི། རྟག་པ་དང་། ཆད་པ་གཉིས་སུ་ལྟ་བ་སྟེ། དེ་ཡང་སྦྲུལ་པགས་པ་བརྗེས་པ་ལྟ་བུར་འདོད་པ་དང་། ཤིང་ཟད་ན་མེ་ཤི་བ་བཞིན་དུ་གཏན་ནས་མེད་པར་འདོད་པའོ། །ལོག་པར་ལྟ་བ་ནི། སྐུར་པ་འདེབས་པ་སྟེ། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་དང་། འཇིག་རྟེན་འདི་དང་། ཕ་རོལ་ལ་སོགས་པ་ཐམས་ཅད་མེད་དོ་ཞེས་ཟེར་བ་ལྟ་བུའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི། གོང་དུ་སྨྲོས་པའི་ལྟ་བ་རྣམ་པ་གསུམ་དང་། ལྟ་བ་དེའི་གནས་ལུས་ཀྱི་ཕུང་པོ་རྣམས་ལ་འདི་ཁོ་ན་བཟང་ངོ་ཞེས་དམ་པ་དང་། གཙོ་བོར་འཛིན་ཏེ་འདི་ལས་ལྷག་པ་གཞན་མེད་དོ་སྙམ་དུ་སེམས་པའོ། །ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ལུས་དང་། ངག་ལས་བྱུང་བའི་ཉེས་པ་བདུན་སྤངས་པའི་ཚུལ་ཁྲིམས་དང་། ཁྱི་དང་བ་ལང་གི་བརྟུལ་ཞུགས་སམ། སྐྲ་འབལ་ཞིང་འདྲེག་པ་ལ་སོགས་པ་རྣམས་བྱས་པས་གྲོལ་བ་དང་། ཐར་བར་འགྱུར་རོ་སྙམ་དུ་སེམས་པའོ། །