From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྟ་བ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། ལྟ་བ་སོ་སོའི་མཚན་ཉིད་ཡོད་དེ། ཉེར་ལེན་གྱི་ཕུང་པོ་ལ་དམིགས་པས་རང་དབང་གི་བདག་དང་བདག་གི་བ་གང་རུང་དུ་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་དུ་དམིགས་པ། འཇིག་ལྟའི་མཚན་ཉིད། དེ་ལ་དམིགས་ནས་རྟག་པའམ་ཆད་པར་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་དུ་དམིགས་པ། མཐར་ལྟའི་མཚན་ཉིད། ལས་རྒྱུ་འབྲས་སོགས་མེད་པར་ལྟ་བའི་རིགས་སུ་གནས་པའི་ཤེས་རབ་ཉོན་མོངས་ཅན་དུ་དམིགས་པ། ལོག་ལྟའི་མཚན་ཉིད། ལྟ་ངན་ལ་དམིགས་ནས་དག་གྲོལ་དུ་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་དུ་དམིགས་པ། ལྟ་བ་མཆོག་འཛིན་གྱི་མཚན་ཉིད། ཚུལ་ཁྲིམས་ངན་པ་ལ་དམིགས་ནས་དག་གྲོལ་དུ་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་དུ་དམིགས་པ། ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བའི་མཚན་ཉིད་ཡིན་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
ལྟ་བ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག མདོ་དགོངས་པ་འདུས་པར་རྟོགས་ཚད་མཐར་ཕྱིན་པའི་ལྟ་བའི་ཁྱད་པར་ལྔར་གསུངས་ཏེ། ཡིད་ལ་བྱེད་པའི་ལྟ་བ། རིགས་ཆེན་འབྱེད་པའི་ལྟ་བ། དབུགས་ཆེན་འབྱིན་པའི་ལྟ་བ། ལུང་ཆེན་ཐོབ་པའི་རྣལ་འབྱོར་གྱི་ལྟ་བ། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་ལྟ་བ་དང་ལྔའོ། །ཡང་ན་འགའ་ཞིག་གིས་ལྟ་བ་ལྔ་ནི་ཤེས་པ་ལྔའི་དོན་ཏེ་རིམ་པར། གསང་སྔགས་འདོད་པ་འདམ་ཤེས་དང༌། །རྣམ་པར་ཤེས་པ་སློབ་བཅུ་དང༌། །བཟོད་ཐོབ་རང་གི་མཚན་ཉིད་ཤེས། །ཐམས་ཅད་མ་སྐྱེས་ཡེ་ཤེས་དང༌། །དེ་ལ་ཡོངས་སུ་མི་གཡོར་ཤེས། །ཤེས་པ་ཆེན་པོ་ཀུན་ཏུ་སྣང༌། །མཐོང་བ་དམ་པའི་ལྟ་བ་ཡིན། །ཞེས་པའི་ཚིགས་བཅད་ལྟར་ལྔའོ། །
|